ལིག་ཀྲི་ཆང་གིས་ཟི་ལིང་གྲོང་ཁྱེར་གྱི་མི་རིགས་བྱ་བར་བརྟག་དཔྱད་ཞིབ་འཇུག་བྱས།

ཚེ་མགོན་རྒྱལ།    མཚོ་སྔོན་གསར་འགྱུར་དྲ་བ།    2014-11-04

ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཀྲི་ཆང་གིས་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཁང་ཐིན་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན་གྱི་འགྲོ་རོགས་འོག་ཟི་ལིང་གྲོང་ཁྱེར་གྱི་མི་རིགས་བྱ་བའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས།

གཙང་གསུམ་འབྱུང་ཡུལ་གྱི་སྡོད་ཁུལ་གསར་བ་རུ་བསྡོམས་པས་ཁྱིམ་ཚང་ལྔ་བརྒྱ་དང་ཉེར་གཅིག་ཡོད་ལ། དེའི་ཁྲོད་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་ཁྱིམ་ཚང་སུམ་བརྒྱ་དང་དགུ་ཡོད་པ་དང་། སྡོད་ཁུལ་འདིའི་ཁྱིམ་ཚང་སྤྱིའི་བརྒྱ་ཆའི་དྲུག་ཅུའི་ཡན་ཟིན་ཡོད། ལིག་ཀྲི་ཆང་སྡོད་ཁུལ་གྱི་བྱ་འགུལ་ཁང་དུ་སོང་ནས། གྲོང་ཁྱེར་སྡོད་ཁུལ་གྱི་མི་རིགས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། སྡོད་ཁུལ་གྱི་གྲངས་ཉུང་མི་རིགས་དང་ཁ་བརྡ་བྱས་པར་མ་ཟད། ཁོ་ཚོའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

རྟོག་ཞིབ་བཞུགས་མོལ་ཚོགས་འདུའི་སྟེང་། ལིག་ཀྲི་ཆང་གིས་ཟི་ལིང་གྲོང་ཁྱེར་དང་མཁར་དཀྱིལ་ས་ཁུལ་གྱིས་མི་རིགས་བྱ་བ་ལག་བསྟར་བྱས་པའི་སྙན་ཞུ་ལ་ཉན་པ་དང་། ཟི་ལིང་གྲོང་ཁྱེར་གྱི་མི་རིགས་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བཤད་རྒྱུར། མིག་སྔའི་གྲོང་ཁྱེར་གྱི་མི་རིགས་བྱ་བའི་རྣམ་པ་གསར་བ་དང་། ལས་འགན་གསར་བ་ཁོང་དུ་ཆུད་པར་བྱས་ཏེ། བློ་གྲོས་དང་ནུས་པ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། སྲིད་ཆེན་སྲིད་གཞུང་བཅས་ཀྱི་མི་རིགས་བྱ་བར་ཡར་སྐུལ་བྱེད་པའི་སྤྱིའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། དོན་དངོས་དང་མཐུན་པའི་སྒོ་ནས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། གྲོང་ཁྱེར་མི་རིགས་བྱ་བ་འཕེལ་རྒྱས་འབྱུང་བར་ཡར་སྐུལ་བྱེད་དགོས། གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུར་འགན་སྲུང་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་འགྲུལ་བཞུད་ཞབས་ཞུའི་དོ་དམ་བྱ་བ། མི་རིགས་བྱ་བ་སྡོད་ཁུལ་དུ་སྤེལ་བ། འགལ་བ་ཐག་གཅོད་བྱེད་པ་དང་གྲོང་ཁྱེར་མི་རིགས་ལས་དོན་སྤྱི་ཚོགས་དོ་དམ་བཅས་ཀྱི་རེ་བ་དོན་འཁྱོལ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་ཀྱི་མི་རིགས་བྱ་བ་ཁྲིམས་ལྟར་ལག་བསྟར་བཅས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཟི་ལིང་གྲོང་ཁྱེར་གྱི་མི་རིགས་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་། གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་ཀྱི་སྤྱི་བའི་ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་བ། གྲོང་ཁྱེར་གྱི་བཟོད་སྒོམ་རང་བཞིན་དང་། སྒོ་འབྱེད་རང་བཞིན་ལ་ཤུགས་བསྣན་ནས། ཧུག་ཐག་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པའི་མིག་དཔེ་རུ་འགྱུར་བར་བྱེད་དགོས། 

  • ལེ་ཚན་སྔོན་མ།: ཆེད་རམས་པས་དུས་ཚིགས་བཞི་པར་རང་རྒྱལ་གྱི་དཔལ་འབྱོར་བརྟན་བརླིང་ངང་ཡོང་རྒྱུ་རེད་ཅེས་བཤད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཀྲུའུ་ཞིའི་བཀའ་ཁྱབ་བཅོ་ལྔ་བ་དང་བཅུ་དྲུག་པའི་སྟེང་མིང་བཀོད།
  • དོ་སྣང་ཆེ་བའི་རྩོམ།