ཆེད་རམས་པས་དུས་ཚིགས་བཞི་པར་རང་རྒྱལ་གྱི་དཔལ་འབྱོར་བརྟན་བརླིང་ངང་ཡོང་རྒྱུ་རེད་ཅེས་བཤད།

        2014-11-04

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ10པའི་ཚེས22ཉིན་འབྱོར་བའི་གཏམ་གསར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕེལ་རྒྱས་དང་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་པུའུ་ཡི་ཞིབ་འཇུག་པ་ཀྲང་ལི་ཆུས་ཀྱིས་བཤད་པར།དུས་ཚིགས་བཞི་པར་རང་རྒྱལ་གྱི་སྤྱི་ཁོག་ཐོག་གི་དཔལ་འབྱོར་འཁོར་སྐྱོད་བྱེད་ཚུལ་དེ་བརྟན་བརླིང་དུ་ཡོང་རྒྱུ་དང་།ལོ་ཧྲིལ་པོར་དཔལ་འབྱོར་འཕར་སྣོན་ཡོང་རྒྱུའི་ཚོད་དཔག་དམིགས་ཡུལ་གྱི་བརྒྱ་ཆ7.5ལེགས་འགྲུབ་བྱེད་ཐུབ་རྒྱུ་རེད།།ཀྲང་ལི་ཆུས་ཀྱིས་བཤད་པར།ཀྲུང་གོ་དཔལ་འབྱོར་གྱི་གཞི་རྩའི་གནས་བབ་འགྱུར་མེད་པས།ཀྲུང་གོའི་དཔལ་འབྱོར་ལ་ཡིད་ཆེས་ཡོད་དགོས།རང་རྒྱལ་གྱིས་རྒྱུན་མཐུད་དང་མགྱོ གས་མྱུར་ངང་བཟོ་ལས་ཅན་དང་། གྲོང་རྡལ་ཅན། ཆ་འཕྲིན་ཅན།ཞིང་ལས་དེང་རབས་ཅན་བཅས་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ནི་ད་ལྟའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་ལེགས་སྒྲིག་བྱེད་པའི་རྐྱེན་གྱིས་འགྱུར་ལྡོག་བྱུང་མེད།དུས་མཚུངས་སུ་རང་རྒྱལ་སྲིད་གཞུང་གིས་སྤྱི་ཁོག་ནས་ལེགས་སྒྲིག་བྱེད་པའི་ཐད་ནས་ཉམས་མྱོང་ཇེ་མང་དུ་བསགས་ཏེ་ཆ་ཚང་བའི་མ་ལག་ཆགས་ཡོད་པ་དང་།སྤྱི་ཁོག་ནས་ལེགས་སྒྲིག་བྱེད་པ་དེས་དཔལ་འབྱོར་འཕར་སྣོན་ཡོང་བ་བརྟན་བརླིང་བྱེད་པའི་ཐད་བཏོན་པའི་ནུས་པ་དེའང་ཀྲུང་གོའི་དཔལ་འབྱོར་ལ་ཡིད་ཆེས་ཁེངས་པའི་གལ་ཆེའི་རྒྱུ་མཚན་ཡང་རེད།།
  • ལེ་ཚན་སྔོན་མ།:རྒྱལ་སྤྱིའི་གྲོང་ཁྱེར་ཉིན་མོ་ཞེས་པ་ཧྲང་ཧེ་ནས་སྤེལ་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ལིག་ཀྲི་ཆང་གིས་ཟི་ལིང་གྲོང་ཁྱེར་གྱི་མི་རིགས་བྱ་བར་བརྟག་དཔྱད་ཞིབ་འཇུག་བྱས།
  • དོ་སྣང་ཆེ་བའི་རྩོམ།