མཚོ་སྔོན་བོད་ཡིག་གསར་འགྱུར། 2012-08-15
ཟླ་བརྒྱད་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་དང་མཚོ་ཤར་ས་ཁུལ་གྱི་ཧྭ་ལུང་རྫོང་། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་ཏུའུ་ལན་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མིན་ཡོན་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གུང་ཧོ་རྫོང་དང་ཞིན་ཧེ་རྫོང་། ཀོས་ནན་རྫོང་། ཐུན་ཏེ་རྫོང་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཆུ་ལོག་བརྒྱུགས། ཆུ་ལོག་གི་གནོད་འཚེ་བྱུང་རྗེས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་ཏེ་དམངས་སྲིད་སོགས་འབྲེལ་ཡོད་ལས་ཁུངས་གནོད་ཐེབས་ས་ཁུལ་དུ་སོང་ནས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་དང་གནོད་སེལ་བྱ་བར་མཛུབ་སྟོན་བྱས།
ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་བར་དུ་མཚོ་སྔོན་ཞིང་ཆེན་གྱི་ཁུལ་ལྔ་དང་ས་ཁུལ། གྲོང་ཁྲེར་བཅས་ཀྱི་རྫོང་བརྒྱད་ཀྱི་ཞང་བཅུ་དགུ་ཡི་མི་ཁྲི་གཅིག་དང་སྟོང་གཅིག་བརྒྱད་བརྒྱ་སོ་དྲུག་ལ་གནོད་འཚེ་ཐེབས། ཁང་བ་གྱན་གྱ་བརྒྱད་བརྡིབས་པ་དང་ཁང་བ་གྱན་བརྒྱ་དང་གསུམ་ལ་གནོད་པ་ཐེབས། གནོད་འཚེ་ཐེབས་རྗེས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་ཏེ་དམངས་སྲིད་སོགས་འབྲེལ་ཡོད་ལས་ཁུངས་གནོད་ཐེབས་ས་ཁུལ་དུ་སོང་ནས་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་དང་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི། གནོད་སེལ་བྱ་བར་མཛུབ་སྟོན་བཅས་བྱས། དེ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཀྱང་བྱ་བའི་ཚན་ཆུང་བཙུགས་ཏེ་གནོད་ཐེབས་ས་ཁུལ་དུ་སོང་ནས་སྟོབས་ཤུགས་ཡོད་རྒུས་ཆུ་ལོག་འགོག་པ་དང་གནོད་འཚེ་སེལ་བའི་བྱ་བར་མཛུབ་སྟོན་བྱས།
གནོད་འཚེའི་གྱོང་གུད་ཆེས་ཆེར་ཇེ་ཉུང་དུ་གཏོང་ཆེད་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་པ་བརྒྱུད་ནས་ཞིང་ཆེན་དམངས་སྲིད་ཐིན་གྱིས2012ལོའི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་གྱི་དུས་ཚོད་དགུའི་སྟེང་བྲེལ་མྱུར་སྒོས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གནོད་འཚེ་ལ་རྒུད་སྐྱོབ་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱས། ཏ་ཐུང་རྫོང་མི་དམངས་སྲིད་གཞུང་དང་ཞིང་ཆེན་རང་བྱུང་གནོད་འཚེ་རྒུད་སྐྱོབ་མགོ་ཁྲིད་ཚན་ཆུང་གི་ཁོངས་ཞུགས་ལས་ཁུངས་སོ་སོས་ཞིང་ཆེན་སྲིད་གཞུང་གི་གཏན་འཁེལ་ལྟར། ཏ་ཐུང་རྫོང་ལ་རས་གུར་དང་ཉལ་ཐུལ། གོན་པ། ཕྱེ། མལ་ཁྲི། སྟབས་བདེ་ཐུག་པ་སོགས་བྱིན། མིག་སྔར་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས་པ་དང་། གནོད་སེལ་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10