ཀྲུང་གོའི་ནུབ་རྒྱུད་ལྷུག་རྩོམ་དུས་ཆེན་སྐབས་བཞི་བ་དེ་ཟི་ལིང་དུ་ཚོགས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    མཚོ་སྔོན་གསར་འགྱུར་དྲ་བ།    2012-08-10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས8ཉིན། ནུབ་རྒྱུད་ལྷུག་རྩོམ་སློབ་ཚོགས་དང་ནུབ་རྒྱུད་ལྷུག་རྩོམ་སློབ་ཚོགས་མཚོ་སྔོན་ཡན་ལག་ཚོགས་པས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་པོ་དོ་དམ་ཅུའུ་དང་ཀྲུང་གུང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏང་ཨུ་དྲིལ་སྒྲོག་པུའུ། ཟི་ལིང་གྲོང་ཁྱེར་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་སྒྲུབ་བྱས་པའི་ཀྲུང་གོའི་ནུབ་རྒྱུད་ལྷུག་རྩོམ་དུས་ཆེན་སྐབས་བཞི་བ་དེ་ཟི་ལིང་གྲོང་ཁྱེར་དུ་ཚོགས། ཞིང་ཆེན་ཕྱི་ནང་གི་རྩོམ་པ་པོ་དང་དཔྱད་བརྗོད་པ། མཁས་པ30ལྷག་ལྷན་གཅིག་ཏུ་འཛོམས་ཏེ་མཉམ་དུ་ཀྲུང་གོའི་ནུབ་རྒྱུད་ཀྱི་ལྷུག་རྩོམ་གསར་རྩོམ་ཐད་བླངས་བའི་གྲུབ་འབྲས་དང་ཉམས་མྱོང་ལ་གྲོས་མོལ་བྱས་པ་དང་། ནུབ་རྒྱུད་ལྷུག་རྩོམ་གསར་རྩོམ་གྱི་མ་འོངས་བར་བསམ་གཞིགས་བྱས།

འགོ་རྩོམ་མཛད་སྒོའི་སྟེང་། ནུབ་རྒྱུད་ལྷུག་རྩོམ་སློབ་ཚོགས་ཀྱི་ཀྲུའུ་ཞི་ལིག་ཀྲི་ཁྲིན་གྱིས་ཀྲུང་གོའི་ནུབ་རྒྱུད་ལྷུག་རྩོམ་སློབ་ཚོགས་ཀྱིས་ཀྲུང་གོའི་ལྷུག་རྩོམ་ཐད་བཞག་པའི་བྱས་རྗེས་ལ་གདེངས་འཇོག་བྱས་པ་མ་ཟད། རྒྱ་ཆེའི་རྩོམ་པ་པོའི་གསར་རྩོམ་ཐད་ལ་རེ་བ་བཏོན། ཀྲུང་གོའི་ནུབ་རྒྱུད་ལྷུག་རྩོམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཡན་ལག་ཚོགས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ་མ་ཟད་འགོ་ཁྲིད་བདམས།

མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ལྷུག་རྩོམ་དུས་ཆེན་དུས་ཡུན་ཉིན་བཞི་ལ་སྤེལ་རྒྱུ་ཡིན་ཞིང་། སྐབས་དེར་ད་རུང་ཧུའུ་ཀྲུའུ་རྫོང་དུ་ནུབ་རྒྱུད་ལྷུག་རྩོམ་གསར་རྩོམ་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་རྒྱུ་ཡིན་ལ། ཟི་ལིང་གྲོང་ཁྱེར་དང་ཧུའུ་ཀྲུའུ་རྫོང་། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སོགས་ས་ཁུལ་དུ་གསར་རྩོམ་གྱི་རྒྱུ་ཆ་འཚོལ་བསྡུ་དང་རིག་གཞུང་བགྲོ་གླེང་བྱེད་རྒྱུ་རེད། །

  • ལེ་ཚན་སྔོན་མ།:2012ལོའི་ལོན་ཏོན་གྱི་ཨོ་ལིན་ལུས་རྩལ་འགྲན་ཚོགས་ཀྱི་ཚེས8བར་གྱི་གསེར་རྟགས་མིང་བྱང་རེའུ་མིག
  • ལེ་ཚན་རྗེས་མ།:སྐབས་བཞི་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རང་བྱུང་སྐད་བརྡའི་ན་གཞོན་ཞིབ་འཇུག་པའི་རིག་གཞུང་བགྲོ་གླེང་ཚོག
  • དོ་སྣང་ཆེ་བའི་རྩོམ།