གླུ་མ་དབྱངས་ཅན་ལྷ་མོ་མཆོག་སེམས་མཆོག་མཛེས་ཞེས་པའི་རོལ་ཚོགས་སྟེང་ཞུགས་པ།
བདེ་ཆེན་མཚོ། མཚོ་སྔོནཔོ་དྲ་བ། 2012-08-03
ཟླ7པའི་ཚེས29ཉིན། སིང་ཀ་ཕོར་མིན་ཧེ་ཧུང་མཚོན་རྟགས་དོ་དམ་ཀུང་ཟིས“མཆོག་སེམས་མཆོག་མཛེས་ཀྱི་བསམ་པའི་རོལ་དབྱངས”ཞེས་པ་པེ་ཅིང་དུ་བསྡུས་པ་རེད། དེ་ནི་རོལ་དབྱངས་སྤྲོ་ཚོགས་འདི་ཐེངས་དང་པོར་ཀྲུང་གོ་རུ་བསྡུས་པ་ཡིན་པ་དང་། གླུ་མ་དབྱངས་ཅན་ལྷ་མོ་དང་བཅས་པའི་རོལ་དབྱངས་མཁན་པོ་བཞིས་ཡིད་ཀྱི་གསོས་སྨན་དུ་འགྱུར་བའི་དབྱངས་སྙན་ཞིག་ཀུན་གྱི་རྣ་ལམ་དུ་ཕུལ་བས་དགའ་བསུ་ཆེན་པོ་ཐོབ་པ་རེད།
བོད་ཀྱི་གླུ་མ་གྲགས་ཅན་དབྱངས་ཅན་ལྷ་མོ་ལགས་ལ་སྒྲ་དབྱངས་ལྷ་མོ་ཞེས་པའི་མཚན་སྙན་གསོལ་ཡོད་ཅིང་། ཁོ་མོར་སྐབས53པའི་ཀུ་རའེ་མེའི་ཕུལ་དུ་བྱུང་བའི་དུས་གསར་གྱི་ཆེད་སྒྲིག་བརྙན་འཁོར་བྱ་དགའ་ཐོབ་པ་དང་། དེ་ནི་ཀུ་རའེ་མེ་རོལ་དབྱངས་བྱ་དགའ་ཐོབ་མཁན་གྱི་བོད་མི་དང་པོ་ཡིན་པར་མ་ཟད། ཀྲུང་གོའི་ཀུ་རའེ་མེའི་རོལ་དབྱངས་བྱ་དགའ་ཐོབ་མཁན་དང་པོ་ཡང་ཡིན་པ་རེད། གླུ་མ་དབྱངས་ཅན་ལྷ་མོ་ལགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གླུ་གཞས་དང་ཞབས་བྲོ་ལ་བརྟེན་ནས་མི་རྣམས་ཀྱིས་བདེ་ཐང་གི་ལུས་སེམས་ཤིག་བསྐྲུན་པར་ལྷུར་ལེན་བྱེད་བཞིན་ཡོད།
ཀུ་རའེ་མེ་རོལ་དབྱངས་བྱ་དགའ་ནི་ཨ་རིའི་རྒྱལ་ཁབ་སྒྲ་ཕབ་དང་ཚན་རིག་སློབ་ཚོགས་ཀྱིས་ལོ་རེར་ཐེངས་གཅིག་ལ་སྒྲུབ་བཞིན་པའི་རོལ་དབྱངས་དཔྱད་འདེམས་བྱ་འགུལ་ཞིག་ཡིན་ཅིང་། རོལ་དབྱངས་ཁྱབ་ཁོངས་ཀྱི་ཨོ་སི་ཁ་ཞེས་ནས་འབོད་བཞིན་ཡོད།