མཚོ་ནུབ་བརྙན་འཕྲིན་ཁང་གི་དངོས་ཟིན་བརྙན་རིས་གསུམ་ལ་ཁུ་ནུ་གཡང་ཊིའི་རྟིང་རྩོད་བྱ་དགའ་ཐོབ།

འདམ་འཇིལ་ལི།    མཚོ་སྔོན་པོ་དྲ་བ།    2012-08-03

ད་ལྟ་མཇུལ་སྒྲིལ་མ་ཐག་གི2012ལོའི་ཀྲུང་གོ་མཚོ་སྔོན་འཛམ་གླིང་འབྱུང་ཁམས་དངོས་ཟིན་བརྙན་རིས་དུས་ཆེན་སྟེང་དུ། མཚོ་ནུབ་ཁུལ་བརྙན་འཕྲིན་ཁང་གི་འདེམས་སྤྲོད་བྱས་པའི་དངོས་ཟིན་བརྙན་རིས་ཁག་གསུམ་ལ་ཁུ་ནུ་གཡང་ཊིའི་རྟིང་རྩོད་བྱ་དགའ་ཐོབ།
         རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་འཛམ་གླིང་གི་འབྱུང་ཁམས་དངོས་ཟིན་བརྙན་རིས་དུས་ཆེན་སྟེང་དུ་བསྡོམས་པས་རྒྱལ་ཁབ36དང་ས་གནས་ཀྱི་འགྲན་ཞུགས་བརྩམས་ཆོས544འབྱོར། དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་རིགས་ཆེན་པོ་གསུམ་གྱི་བྱ་དགའ་ཉེར་གཅིག་གདམས་ཐོན་བྱུང་། བརྩམས་ཆོས་འདི་དག་གིས་སྒྱུ་རྩལ་གྱི་ཁྱད་ཆོས་མི་འདྲ་བའི་འཛམ་གླིང་ས་གནས་སོ་སོའི་འབྱུང་ཁམས་ཀྱི་རང་བྱུང་ཁོར་ཡུག་དང་ལོ་རྒྱུས་ཀྱི་རིག་གནས། སྤྱི་ཚོགས་འཚོ་བ་བཅས་མཚོན་ཞིང་། དེ་ཡང་འཛམ་གླིང་འགྲོ་བ་མི་ལ་དངོས་ཟིན་བརྙན་རིས་ཀྱི་གཏིང་ཟབ་པའི་མི་ཆོས་ནང་སྙིང་དང་ཡིད་དབང་འཕྲོག་པའི་སྣང་བརྙན་བསྟན་པ་རེད།
         མཚོ་ནུབ་བརྙན་འཕྲིན་ཁང་གིས་འདེམས་སྤྲོད་བྱས་པའི《བོད་པའི་བུ་མོའི་སྐྲ་ཕབ་པ》ལ་མི་ཆོས་རིགས་ཀྱི་དངོས་ཟིན་བརྙན་རིས་ཐུང་བའི་ཁུ་ནུ་གཡང་ཊིའི་རྟིང་རྩོད་བྱ་དགའ་ཐོབ་པ་དང་། 《སྦྲ་ནག་གི་དུས་སྟོན》ལ་མི་ཆོས་རིགས་ཀྱི་བརྙན་རིས་རིང་བོའི་ཁུ་ནུ་གཡང་ཊིའི་རྟིང་རྩོད་བྱ་དགའ་ཐོབ། 《ཕ་གཞིས་གངས་དཀར་ཕྱོགས་ལས》ལ་རང་བྱུང་རིགས་ཀྱི་དངོས་ཟིན་བརྙན་རིས་ཐུང་བའི་ཁུ་ནུ་གཡང་ཊིའི་རྟིང་རྩོད་བྱ་དགའ་བཅས་ཐོབ། 
  • ལེ་ཚན་སྔོན་མ།:བཞད་མཐོང་སྨོན་རྫོང་གི་རྟ་རྒྱུག་འགྲན་ཚོགས་སྐབས་བཞི་བའམ་དངོས་ཟོག་བརྗེ་རེས་ཚོང་ཚོགས་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་ལྔ་བ་པེ་ཅིན་དུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།