པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་ལ་དྲག་ཆར་བབས་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚིགས    2012-07-25

གསར་འགོད་པས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར། ཟླ7པའི་ཚེས21ནས་ཚེས22ཉིན་བར་རྒྱལ་ཡོངས་ཀྱི་ཆར་པ་འབབ་ཚད་གཙོ་བོ་འབྲི་ཆུའི་སྟོད་རྒྱུད་ནས་བྱང་ཤར་གྱི་ཤར་ལྷོ་ནུབ་བྱང་ཕྱོགས་སུ་གཅིག་སྡུད་བྱུང་ཞིང་།ཆར་པ་འབབ་ཚད་ཆེ་ཤོས་ཀྱི་ས་ཁུལ་ནི་ཀྲུང་ཧྭ་བྱང་རྒྱུད་ཀྱི་པེ་ཅིང་དང་།ཐེན་ཅིན།ཧོ་པེ་བཅས་དང་འབྲི་ཆུའི་སྟོད་རྒྱུད་ཡིན་པ་དང་།དེ་དག་གི་ཁྲོད་ནས་པེ་ཅིང་དུ་ཡོངས་ཁྱབ་ངང་ཆར་པ་ཆེན་པོ་ནས་དྲག་ཆར་བབས་པ་དང་གྲོང་ཁྱེར་ཡོངས་སུ་ཆ་སྙོམས་ཆར་པ་བབས་ཚད་ཧའོ་སྨི་170ཟིན་པ་དང་ཆར་པ་བབས་ཚད་ཆེ་ཤོས་ཧའོ་སྨི་460ཟིན་པ་དེ་1949ལོ་ཚུན་གྱི་ཆར་པ་བབས་ཆེ་ཤོས་ཀྱི་ཚད་ལ་སླེབས་ཡོད།ཧོ་པེའི་ལང་ཧྥང་ཀུའུ་ཨན་དུ་ཆར་པ་འབབ་ཚད་ཧའོ་སྨི་364དང་ཐེན་ཅིན་ཅིས་རྫོང་ཞ་དབྱིང་ཆུ་རག་ཏུ་ཆར་པ་འབབ་ཚད་ཧའོ་སྨི་311ཟིན་ཡོད་པ་རེད།

དྲག་ཆར་འབབ་སྟབས་འབྲི་ཆུའི་སྟོད་རྒྱུད་དང་།རྨ་ཆུའི་དབུས་རྒྱུད།ཤིས་ལེའོ་ཧོ་གཙང་པོའི་སྟོད་རྒྱུད།ཧའེ་ཧོ་ཏ་ཅིང་ཧོ་གཙང་པོ་སོགས་གཙང་པོ་10ལྷག་ཙམ་ནས་ཉེན་ཟོན་མཚོན་རྟགས་ལས་བརྒལ་བའི་ཆུ་ལོག་ཐོན་ཡོད་དེ།ཚེས་22ཉིན་གྱི་ཆུ་ཚོད་དང་པོའི་ཐོག་ཧའེ་ཧོ་གཙང་པོ་རྒྱུག་ཁོངས་ཀྱི་བྱང་ངོས་ཀྱི་མི་བཟོས་གཙང་པོའི་བྱང་རྒྱུད་ཆུ་སྒོའི་ཆུ་ལོག་གི་ཆུ་ཁ་སྨི་19.77ཟིན་པ་དང་ཆུ་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་1590ཟིན་ནས་ཆུ་ཁ་དང་ཆུ་རྒྱུག་ཚད་ཚང་མ་རྒྱལ་ཁབ་དབུ་བརྙེས་ནས་དངོས་སུ་ཚད་འཇལ་ཐོ་འགོད་བྱས་ཚུན་གྱི་ཨང་དང་པོར་སླེབས་པ་དང་།ཚེས་22ཉིན་གྱི་ཆུ་ཚོད་དྲུག་པའི་ཐོག་སྨད་རྒྱུད་ཆུ་ཕྲན་བསིལ་ཆུ་གཙང་པོའི་ཡུས་ལིན་ཀྲོང་ཆུ་དཔྱད་ས་ཚིགས་ཀྱི་ཆུ་ཁ་སྨི་19.22བར་མཐོ་རུ་ཕྱིན་པ་པ་དང་ཆུ་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་555ཟིན་ནས་ཆུ་ཁ་དང་ཆུ་རྒྱུག་ཚད་ཚང་མ་1958ལོར་དངོས་སུ་ཚད་འཇལ་ཐོ་འགོད་བྱས་ཚུན་གྱི་ཨང་དང་པོར་སླེབས་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐའོ་ཡིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭ་ཚ
  • ལེ་ཚན་རྗེས་མ།:ལོ་སྟོད་དུ་རྒྱལ་ཡོངས་སུ་ནགས་བཟོ་མུའུ་ཁྲི7069བྱས་པ།
  • དོ་སྣང་ཆེ་བའི་རྩོམ།