ཀྲུང་གོ་བོད་ཀྱི་དྲ་བ། 2014-11-04
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་སྲིད་གཞུང་དྲ་བའི་ཆ་འཕྲིན་ལྟར་ན། གསར་དུ་དག་བཅོས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་སྐོར་གྱི་གཟེངས་བསྟོད་བྱེད་ཐབས》དེ2014ལོའི་ཟླ12པའི་ཚེས1ཉིན་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
སྔོན་ཆད་ཀྱི《བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་སྐོར་གྱི་གཟེངས་བསྟོད་བྱེད་ཐབས》དེ2005ལོའི་ཟླ12པའི་ཚེས1ཉིན་བཟུང་ལག་བསྟར་བྱེད་འགོ་བརྩམས་པ་ཡིན་ཞིང་། བྱ་དགའི་རྣམ་གྲངས་ལ་བྱ་དགའ་ཁྱད་འཕགས་ཅན་དང་། བྱ་དགའ་ཨང་དང་པོ། བྱ་དགའ་ཨང་གཉིས་བ། བྱ་དགའ་ཨང་གསུམ་པ། རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་གཟི་བརྗིད་མཚན་སྙན་བྱ་དགའ་བཅས་དབྱེ་ཡོད་དེ།ཐེངས་རེའི་གཟེངས་བསྟོད་རྣམ་གྲངས་ཀྱི་སྤྱི་གྲངས་དེ་རྣམ་གྲངས35ལས་བརྒལ་མི་རུང་ལ། ལོ་གཉིས་ཀྱི་ནང་གཟེངས་བསྟོད་ལ་དཔྱད་སྡུར་ཐེངས་གཅིག་བྱེད་དགོས།
ད་ལོའི་ཟླ6པའི་ཚེས19ཉིན་བོད་ལྗོངས་སྲིད་གཞུང་གི་ཆེད་སྒྲིག་ཚོགས་འདུ་སྟེང《བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་སྐོར་གྱི་གཟེངས་བསྟོད་བྱེད་ཐབས》(བཟོ་བཅོས་འཆར་ཟིན)ལ་གྲོས་མཐུན་བྱུང་ཞིང་།ཟླ9བའི་ཚེས19ཉིན་བོད་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་སྟེང《བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་སྐོར་གྱི་གཟེངས་བསྟོད་བྱེད་ཐབས》ལ་ཆོག་མཆན་ཐོབ།ཟླ10བའི་ཚེས15ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་བཀའ་ཡིག་སྟེང་མིང་བཀོད་དེ། གསར་དུ་བཟོ་བཅོས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་སྐོར་གྱི་གཟེངས་བསྟོད་བྱེད་ཐབས》དེ་ད་ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པར་ཐག་བཅད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10