ཀྲུང་གོའི་བོད་ཀྱི་ལ་གཞས་འགྲན་ཚོགས་བོད་ལྗོངས་འགྲན་ཁུལ་གྱི་གླུ་བ་དང་གླུ་མའི་མིང་ཐོ་བདམས་ཐོན་བྱུང་བ།

དབང་ཆེན་ཚེ་རིང་། ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོའི་བོད་ཀྱི་དྲ་བ།    2012-07-12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ནས་ཤེས་གསལ་བྱུང་བ་ལྟར་ན། ཕྱོགས་མང་པོས་མཚམས་སྦྱོར་དང་ལེགས་འདེམས་བྱས་པ་བརྒྱུད། 2012ལོའི་སྐབས་དང་པོའི་ཀྲུང་གོའི་བོད་ཀྱི་ལ་གཞས་འགྲན་བསྡུར་སྟེང་ཞུགས་པའི་བོད་ལྗོངས་འགྲན་ཁུལ་གྱི་གླུ་བ་གླུ་མ་བདམས་ཐོན་བྱུང་། བསྡོམས་པས་གླུ་བ་གསུམ་དང་གླུ་མ་གསུམ་ཐེངས་འདིའི་འགྲན་ཚོགས་སྟེང་ཞུགས་རྒྱུ་ཡིན་པ་སྟེ། ཁོ་ཚོ་ནི་རྡོ་བུ(ཕོ)དང་།  ཉི་མ་བློ་བཟང(མོ)།  ཉི་མ་ཁྱུང་ཟླ(ཕོ)།  བསྟན་འཛིན་སྒྲོལ་དཀར(མོ)།  ཕུ་ཆུང(ཕོ)།  ཚེ་བརྟན་སྒྲོལ་དཀར(མོ)བཅས་ཡིན། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་ཚོགས་ནི་ས་ཁུལ་སོ་སོས་ཐོག་མར་འགྲན་བསྡུར་སྟེང་བདམས་ཐོན་བྱུང་རྗེས། ཟླ7པའི་ཟླ་མཇུག་ལ་མཚོ་སྔོན་ཞིང་ཆེན་ཆི་ལིན་རྫོང་གནས་སྐོར་ཡུལ་ལྗོངས་ཁུལ་དུ་རྟིང་རྩོད་འགྲན་བསྡུར་སྟེང་ཞུགས་རྒྱུ་ཡིན་པ་དང་དུས་མཚུངས་སུ་སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ལ་གཞས་བགྲོ་གླེང་ཚོགས་འདུ་བསྡུ་རྒྱུ་རེད།   །

  • ལེ་ཚན་སྔོན་མ།:བོད་ཀྱི་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་སྤེལ་བ།
  • ལེ་ཚན་རྗེས་མ།:བོད་ལྗོངས་སུ་ཟླ་རེའི་རྒན་གསོའི་མ་དངུལ་ཆ་སྙོམས་སྒོར2700ཡོད་པས་ཞིང་ཆེན18ཀྱི་ཁྲོད་ཨང་དང་པོར་སླེབས་ཡོད་པ
  • དོ་སྣང་ཆེ་བའི་རྩོམ།