《གླིང་གེ་སར་རྒྱལ་པོའི་སྒྲུང》རྒྱ་འགྱུར་མའི་དཔེ་ཚོགས་ཀྱི་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-07-11

《གླིང་གེ་སར་རྒྱལ་པོའི་སྒྲུང》རྒྱ་འགྱུར་མའི་དཔེ་ཚོགས་ཀྱི་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ།
《གླིང་གེ་སར་རྒྱལ་པོའི་སྒྲུང》རྒྱ་འགྱུར་མའི་དཔེ་ཚོགས་ཀྱི་ཁྱབ་སྒྲོག་ཚོགས་འདུ་བསྡུ་བཞིན་པའི་ཡུལ་དངོས།

  ཟླ7པའི་ཚེས7ཉིན། མཐོ་རིམ་སློབ་གསོ་པར་སྐྲུན་ཁང་དང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་ཞིང་ཆེན《གེ་སར》སློབ་ཚོགས་དང་མཚོ་སྔོན་མི་རིགས་སློབ་ཆེན་ཚན་རྩལ་ཁང་གིས་མཉམ་དུ་སྒྲུབ་པའི《གླིང་གེ་སར་རྒྱལ་པོའི་སྒྲུང》(ཁག་བརྒྱད)རྒྱ་འགྱུར་མའི་མུ་འབྲེལ་དཔེ་ཚོགས་ཀྱི་གྲོས་ཞིབ་ཚོགས་འདུའམ་མཚོ་སྔོན་ཞིང་ཆེན་ཁྱབ་སྒྲོག་ཚོགས་འདུ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས་པ་རེད།
  ཚོགས་ཐོག་ཏུ་ཞིབ་འཇུག་པ་གཅོད་པ་དོན་གྲུབ་ལགས་ཀྱིས《གླིང་གེ་སར་རྒྱལ་པོའི་སྒྲུང》(ཁག་བརྒྱད)རྒྱ་འགྱུར་མའི་མུ་འབྲེལ་དཔེ་ཚོགས་ཀྱི་ལོ་ཙཱ་དང་། ལེགས་སྒྲིག  པར་སྐྲུན་སོགས་ཀྱི་གནས་ཚུལ་བརྗོད་པ་རེད། དཔེ་ཚོགས་འདི་ལ《འདན་མའི་ནས་རྫོང》དང་། 《ཤན་འདན་སྟག་སེང་ཁ་སྤྲོད》། 《སྟག་གཟིག་ནོར་རྫོང》། 《ཁ་ཆེ་གཡུ་རྫོང》། 《ཞང་ཞུང་མུ་ཏིག་རྫོང》། 《བྱེ་རིའི་བྱུར་རྫོང》། 《གངས་རི་ཤེལ་རྫོང》། 《ཨ་སྟག་ལྷ་མོ》བཅས་ཁག་བརྒྱད་དུ་འདུས་ཤིང་། ཡིག་གྲངས་ས་ཡ2ལ་ཉེ་བ་རེད། ཁོང་གིས་བཤད་རྒྱུར། ལོ་ཙཱའི་བརྒྱུད་རིམ་ཁྲོད་མིང་བརྡ་གཙོ་བོ་དང་གཏམ་རྒྱུད་ཀྱི་བྱུང་རིམ་ཚད་ལྡན་དུ་བཏང་སྟེ་གཅིག་གྱུར་གྱི་བརྡ་ཆད་རེའུ་མིག་བསྒྲིགས་པའི་ཁར། རེ་རེ་བཞིན་མཆན་གསལ་བོ་བཀོད་འདུག དཔེ་ཚོགས་འདིའི་ཇུས་འགོད་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་པ་དང་། གནའ་བོའི་ཐང་གའི་མཛེས་རིས་སྤེལ་མར་བཀོད་ནས་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་ཅིང་བསྡུ་ཉར་གྱི་རིན་ཐང་དོད་པོ་ལྡན། དེར་མ་ཟད་དཔེ་ཚོགས་འདི་ནི་ཀྲུང་གོ་དབུ་བརྙེས་རྗེས་པར་སྐྲུན་བྱས་པའི《གེ་སར》རིག་གནས་ཐད་ཚབ་མཚོན་རང་བཞིན་ལྡན་པའི་དཔེ་ཚོགས་ཤིག་ཡིན་པས་རྒྱ་འགྱུར་མའི་བོད་ཀྱི་བྱུང་བརྗོད་སྙན་ངག་གི་དཔེ་ཚོགས་མེད་པའི་སྟོངས་ཆ་བསྐངས་པ་རེད་ཅེས་བརྗོད།

《གླིང་གེ་སར་རྒྱལ་པོའི་སྒྲུང》རྒྱ་འགྱུར་མའི་དཔེ་ཚོགས་ཀྱི་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ།
དཔེ་ཚོགས་འདིའི་གཙོ་སྒྲིག་པ་གཅོད་པ་དོན་གྲུབ་ལགས་ཀྱིས་ཚོགས་འདུ་ལ་མདོ་འཛིན་བྱེད་བཞིན་པ།

《གླིང་གེ་སར་རྒྱལ་པོའི་སྒྲུང》རྒྱ་འགྱུར་མའི་དཔེ་ཚོགས་ཀྱི་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ།

《གེ་སར》སྒྲུང་པས་ཚོགས་ཐོག་ཏུ་སྒྲུང་གྱེར་བཞིན་པ།

  ཚོགས་འདུའི་སྟེང་དམངས་ཁྲོད་དང《གེ་སར》བྱུང་བརྗོད་སྙན་ངག་ཞིབ་འཇུག་ཁང་ནས་ཡོང་བའི《གེ་སར》སྒྲུང་པ་གསུམ་གྱིས་ཀུན་གྱི་རྣ་བའི་བདུད་རྩིར་འགྱུར་བའི་སྒྲུང་བཤད་ནས་ཐེངས་འདིའི་ཁྱབ་སྒྲོག་ཚོགས་འདུ་ལ་རླབས་རྒྱུན་གསར་བ་ཞིག་བསྣན་པས་ཚོགས་ཞུགས་མི་སྣ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།

  • ལེ་ཚན་སྔོན་མ།:ལི་ཁྲང་ཁྲོན་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་དྲན་གསོ་ཚོགས་ཆེན་ལ་ཞུགས་པ་མ་ཟ
  • ལེ་ཚན་རྗེས་མ།:བོད་ཀྱི་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།