ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་གིས་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པ།

བདེ་སྐྱིད་འཚོ།    མཚོ་སྔོན་གསར་འགྱུར་དྲ་བ།    2012-07-04

ཟླ་དྲུག་པའི་ཚེས་ཉེར་བདུན་ནས་ཟླ་བདུན་པའི་ཚེས་གཅིག་ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་གིས་ཁྲིད་པའི་ཞིང་ཆེན་དངུལ་ལོར་ཁོངས་གཏོགས་དང་དངུལ་ལོར་ལས་ཁུངས་ཀྱི་འགན་འཁུར་པ་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་ན་གོར་མོ་དང་། མང་ཨེ། ཚྭ་འདམ་གཞོང་ཆེ་བ། གཏེར་ལེན་ཁ་སོགས་ས་ཆར་སོང་ནས། ཁུལ་དེའི་དངུལ་ལོར་ལས་རིགས་ཀྱི་འཕེལ་རྒྱས་དང་ཁེ་ལས་དངུལ་རྩ་སོགས་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས། ཀའོ་ཡུན་ལུང་གིས་ནན་གྱིས་བསྟན་དོན། མཚོ་ནུབ་ཁུལ་གྱིས་ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་ཝེ་ཡིས་བཏོན་པའི་དངུལ་ལོར་སློབ་པ་དང་། དངུལ་ལོར་ལ་མཁས་པ། དངུལ་ལོར་བཀོལ་ཤེས་པའི་འདུ་ཤེས་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོ་ཧོས་ཉིན་གྱི་ཞིང་ཆེན་ཡོངས་ཀྱི་དངུལ་ལོར་བྱ་བའི་གྲོས་ཚོགས་སྟེང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་ལེན་བྱས་ཏེ། དངུལ་ལོར་ལས་རིགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། དངུལ་ཁང་སོ་སོ་དང་དངུལ་ལོར་ལས་ཁུངས་དང་མཉམ་དུ་འབད་པ་བྱས་ཏེ། མཚོ་ནུབ་ཁུལ་གྱི་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཏུ་འཇུག་དགོས་ཟེར།ཀའོ་ཡུན་ལུང་གིས་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་གི་ལམ་ལུགས་བཅོས་བསྒྱུར་བྱ་བར་སེམས་ཁུར་བྱེད་བཞིན་ཡོད། རྟོག་ཞིབ་བྱེད་སྐབས་ཀའོ་ཡུན་ལུང་སོགས་ན་གོར་མོ་གྲོང་ཁྱེར་གྱི་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་དང་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་དུ་སོང་ནས། ལམ་ལུགས་བཅོས་སྒྱུར་བྱ་བའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་བྱས། ཀའོ་ཡུན་ལུང་གིས་མཚོ་ནུབ་ཁུལ་གྱི་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་གི་བཅོས་སྒྱུར་བྱ་བར་ཁས་ལེན་གང་ལེགས་བྱས།རྟོག་ཞིབ་བྱེད་སྐབས་ཀའོ་ཡུན་ལུང་ད་རུང་མང་ཨེ་ཅིན་ཞིན་ཧྭ་ལོང་ཅ་ལུད་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་མང་པོར་སོང་ནས། ཁེ་ལས་ཀྱི་ཐོན་སྐྱེད་འཐབ་ཕྱོགས་དང་པོ་ནས་ཁེ་ལས་ཀྱི་བཟོ་རྩལ་དང་། ཐོན་སྐྱེད་སོགས་ཐད་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། ཁེ་ལས་ཀྱི་འགན་འཁུར་མི་སྣ་དང་བཞུགས་མོལ་བྱས་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་དང་འདྲེན་ཚོང་། དེ་མིན་དངུལ་རྩ་སོགས་སྐོར་གྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཀའོ་ཡུན་ལུང་གིས་ཁེ་ལས་སོ་སོས་དངུལ་རྩའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། དངུལ་ལོར་གྱིས་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། ཁེ་ལས་རྒྱ་ཇེ་ཆེར་བཏང་སྟེ། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར། 

  • ལེ་ཚན་སྔོན་མ།:མི་རིགས་ཀྱི་གླུ་གར་ཆེན་མོ《བོད་ལྗོངས་ཀྱི་གཟི་དཔལ》ཞེས་པ་པེ་ཅིང་དུ་འཁྲབ་སྟོན་བྱས་པ།
  • ལེ་ཚན་རྗེས་མ།:ལི་ཁྲང་ཁྲུན་གྱིས་ལེའོ་ཉིན་དུ་རྟོག་ཞིབ་མཛད།
  • དོ་སྣང་ཆེ་བའི་རྩོམ།