ཀྲུང་གོའི་མཛའ་གཞས་ཏེ་བོད་ཀྱི་ལ་གཞས་འགྲན་བསྡུར་སི་ཁྲོན་འགྲན་ཁུལ་གྱི་འགྲན་ཞུགས་པའི་མིང་ཐོ།
དབང་ཆེན་ཚེ་རིང་། མཚོ་སྔོན་པོ་དྲ་བ། 2012-06-26
ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2012ལོའི་སྐབས་དང་པོའི་ཀྲུང་གོའི་མཛའ་གཞས་ཏེ་བོད་ཀྱི་ལ་གཞས་འགྲན་བསྡུར་སི་ཁྲོན་འགྲན་ཁུལ་ནས་ཕྱོགས་མང་པོའི་འོས་སྦྱོར་དང་འདེམས་སྒྲུག་འོག་འགྲན་ཞུགས་པའི་མིང་ཐོ་ཐོན་འདུག འགྲན་ཞུགས་པ་སྐྱེས་པ་གསུམ་དང་སྐྱེས་མ་གསུམ་བཅས་ཁྱོན་བསྡོམས་མི་དྲུག་ཡོད་ལ། དེ་ཚོ་ནི་བསྟན་འཛིན་ཚེ་རིང་། སྒྲོལ་མ། ཚེ་དབང་རྒྱལ། ལྷ་མོ་སྒྲོལ་མ། བསོད་ནམས་སེང་གེ སྒྲོལ་མ་བཅས་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ནང་ས་ཁུལ་འགྲན་ཞུགས་པ་འདེམས་ཐོན་བྱུང་རྗེས། ཟླ7པའི་ཟླ་སྨད་ལ་མཚོ་སྔོན་མདོ་ལ་རྫོང་བཙུན་མོ་དམར་ཡག་མའི་གནས་བསྐོར་མཛེས་ལྗོངས་སུ་རྟིང་རྩོད་འགྲན་བསྡུར་སྤེལ་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་ཏུ་སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ལ་གཞས་དཔྱད་གླེང་ཚོགས་འདུ་བསྡུ་རྒྱུ་རེད།