ཀླུ་འབུམ་བྱམས། མཚོ་སྔོན་གསར་འགྱུར་དྲ་བ། 2012-06-26
ལྷད་མེད་འཕེལ་རྒྱས་ལ་ཡར་སྐུལ་དང་སྐྱེ་ཁམས་དཔལ་ཡོན་བསྐྲུན་པ་བརྗོད་བྱ་ཡིན་པའི2012ལོའི་རྨ་འབྲིའི་འབྱུང་ཡུལ་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་ཕྱོགས་སུ་བསྐྱོད་པའི་བྱ་འགུལ་སྤེལ་མགོ་རྩོམ་པའི་མཛད་སྒོ་དེ་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཝུན་ཧུའུ་མཛད་སྒོར་ཞུགས་ཏེ་་གཏམ་བཤད། ཞིང་ཆེན་དམངས་ཆེན་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་ཆེན་གཞུང་སྒྲུབ་ཐིན། ཞིང་ཆེན་དམངས་ཆེན་ཁོར་ཡུག་ཐོན་ཁུངས་ཆེད་ལས་འཐུས་ཚབ་ཚོ་ཆུང་གི་ཁོངས་མི། ཞིང་ཆེན་སྲིད་གྲོས་འབྲོལ་ཡོད་སྡེ་ཁག་གི་འགན་འཁུར་པ། ཟི་ལིང་དུ་ཡོད་པའི་གསར་འགྱུར་སྨྱན་བྱད་ཁག་གི་གསར་འགོད་པ་བཅས་བྱ་འགུལ་སྤེལ་མགོ་རྩོམ་པའི་མཛད་སྒོར་ཞུགས།
ཐེངས་འདིའི་བྱ་འགུལ་ནི་ཞིང་ཆེན་དམངས་ཆེན་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དམངས་འཐུས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཞོགས་འདེགས་བྱས་ཏེ་ལག་བསྟར་བྱེད་རྒྱུ་ཡིན་ལ། དེ་དང་མཉམ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་ཕྱོགས་སུ་བསྐྱོད་པའི་བྱ་འགུལ་དང་ཟུང་དུ་སྦྲེལ་ཏེ་ཞིང་ཆེན་དམངས་ཆེན་ཁོར་ཡུག་ཐོན་ཁུངས་ཆེད་ལས་འཐུས་ཚབ་ཚོ་ཆུང་གི་དཔྱད་ཞིབ་བྱ་འགུལ་སྤེལ་རྒྱུ་རེད། བྱ་འགུལ་དེ་ཟླ་དྲུག་པའི་ཚེས་ཉེར་ལྔ་ནས་ཟླ་བདུན་པའི་ཚེས་བཞིའི་ཉིན་བར་མགོ་ལོག་དང་རྨ་ལྷོ་རུ་ཕྱིན་ནས་ཡུལ་དངོས་ལ་དཔྱད་ཞིབ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན། དེ་མིན་ལྷད་མེད་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་བཅར་འདྲི་བྱེད་རྒྱུ་རེད།
ཚའོ་ཝུན་ཧུའུ་དང་ཞིང་ཆེན་དམངས་ཆེན་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་པས་མཛད་སྒོའི་སྟེང་ཨུ་ཡོན་དང་འཐུས་མི་རྣམ་པས་ལྷད་མེད་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་བསྐྲུན་པའི་གནད་དོན་ཐད་ཞིབ་འཇུག་ཟབ་མོ་དང་བསམ་གཞིགས་གཏོང་བ་དང་། ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ཏེ། དམངས་ཆེན་འཐུས་མིའི་བློ་འདོན་ཇུས་འབུལ་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན།
ཞིང་ཆེན་དམངས་ཆེན་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་པས་ཐེངས་འདིའི་བྱ་འགུལ་གྱི་བཀོད་སྒྲིག་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་དང་རྒྱལ་ཁབ་མངའ་ཁོངས་ཐིན། གཙུང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་བཅས་ཀྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་ལ་ཉན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10