མཚོ་སྔོན་གྱིས་ལོ5ཡི་རིང་བྱེ་འགྱུར་ས་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི5.4ཇེ་ཆུང་དུ་བཏང་།
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2012-06-19
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ6པའི་ཚེས17ཉིན་ནི་འཛམ་གླིང་བྱེ་འགོག་དང་ཐན་འགོག་ཉིན་མོ་བཅོ་བརྒྱད་པ་ཡིན་ཞིང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་གྱིས་བསྡུས་པའི“ས་ཞིང་གིས་ཚེ་སྲོག་གསོ་སྐྱོང་བྱེད་པ་སྟེ་བྱེ་འགྱུར་གཏན་འགོག”བརྗོད་དོན་ཡིན་པའི་དྲིལ་སྒྲོག་བྱ་འགུལ་སྟེང་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་བྱེ་འགྱུར་ས་ཞིང་རྣམ་པར་མུ་མཐུད་དུ་འགྱུར་ལྡོག་བྱུང་བཞིན་ཡོད་ལ། ཆེས་གསར་བའི་ཁྱབ་བསྒྲགས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བའི་བྱེ་འགྱུར་ཅན་དང་བྱེ་འགྱུར་བརྟག་བཤེར་གྲུབ་འབྲས་སྙན་ཞུ》ལས་མཚོན་པ་ལྟར་ན། ད་ལྟ་མཚོ་སྔོན་ཞིང་ཆེན་ཡོངས་སུ་བྱེ་འགྱུར་ས་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི1250.4ཡོད་ལ། 2004ལོ་ནས2009ལོའི་བར་གྱི་དུས་ཡུན་ལོ5རིང་མཚོ་སྔོན་གྱིས་བྱེ་འགྱུར་ས་ཞིང་རྒྱ་ཁྱོན་སྤྱིང་ཁྲི5.4ཇེ་ཆུང་དུ་བཏང་ལ། ཆ་སྙོམས་ཀྱིས་ལོ་རེར་སྤྱི་ཆིང་ཁྲི1.1ཇེ་ཆུང་དུ་བཏང་། ཚྭ་འདམ་གཞོང་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ། གུང་ཧི་གཞོང་སའི་བྱེ་འགྱུར་ས་ཁུལ་ལ་འགྱུར་ལྡོག་བྱུང་སྟེ། མཚོ་སྔོན་པོ་མཐའ་འཁོར་གྱི་བྱེ་འགྱུར་ས་ཁུལ་ཆ་སྙོམས་སུ་བཏང་། །