ཧུའུ་ཅིན་ཐའོ་ཡིས་དབྱི་ལང་གི་ཙུང་ཐུང་ལ་གྲོས་མོལ་མཛད་པ།

མཚོ་མོ་སྐྱིད།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-06-11

ཧུའུ་ཅིན་ཐའོ་ཡིས་དབྱི་ལང་གི་ཙུང་ཐུང་ལ་གྲོས་མོལ་མཛད་པ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཙུང་ཐུང་ཨད་ཧ་མད་ཏེ་ནེ་ཅཱ་ཏི་ལ་གྲོས་མོལ་མཛད།
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས8ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཙུང་ཐུང་ཨད་ཧ་མད་ཏེ་ནེ་ཅཱ་ཏི་ལ་གྲོས་མོལ་མཛད།    ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ཀྲུང་གོ་དང་དབྱི་ལང་གི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་སོང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་ཁེ་ཕན་བསྐྲུན། ཀྲུང་གོས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ནས་ཀྲུང་གོ་དང་དབྱི་ལང་བར་གྱི་འབྲེལ་བར་བལྟ་བཞིན་ཡོད་ལ། དབྱི་ལང་དང་མཉམ་དུ་ཕྱོགས་བཞི་ནས་ཕན་ཚུན་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་བདེ་བླག་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་འདོད་ཡོད་དེ། གཅིག་ནས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་དང་སྲིད་གཞུང་སྡེ་ཁག ཁྲིམས་འཛུགས་ལས་ཁུངས། ཏང་ཁག་བར་གྱི་མཛའ་མཐུན་འགྲོ་འོང་ཇེ་མང་དུ་གཏོང་འདོད་ཡོད། གཉིས་ནས་རིམ་བཞིན་མདུན་སྐྱོད་དང་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་ལྟར་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། གསུམ་ནས་མི་ཚུལ་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ཏེ་རྒྱལ་ཁབ་གཉིས་བར་གྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད། བཞི་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གཙོ་བོའི་སྟེང་འབྲེལ་འདྲིས་དང་མཐུན་སྦྱོར་སྲུང་འཛིན་བྱས་ཏེ་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ཏེ་ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་འདོད་ཡོད།    ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གླེང་མོལ་དང་མཉམ་ལས་བྱེད་ཐབས་བརྒྱུད་དེ་དབྱི་ལང་གི་ཉིང་རྡུལ་གནད་དོན་འོས་འཚམ་གྱིས་ཐག་གཅོད་པའི་འདོད་ཚུལ་བཟུང་ཡོད། ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག པ་ཀི་ཏ་གླེང་མོལ་གྲོས་ཚོགས་ཀྱིས་གོང་འཕེལ་གསར་བ་ལོན། དབྱི་ལང་གིས་བབ་བསྟུན་གྱིས་གསོན་ཉམས་དང་དངོས་གཉེར་གྱི་རྣམ་འགྱུར་མུ་མཐུད་དུ་བསྟན་ཏེ། རྒྱལ་ཁབ་དྲུག་ལ་དངོས་ཡོད་གནད་དོན་ཐད་ནས་གླེང་མོལ་ནན་ཏན་བྱེད་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གྱི་གླེང་མོལ་མཉམ་ལས་མང་དུ་སྤེལ་ཏེ། དབྱི་ལང་གི་ཉིང་རྡུལ་གནད་དོན་དེ་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་པའི་ཡང་དག་བགྲོད་ལམ་སྟེང་བསྐྱོད་པར་ཁག་ཐེག་བྱེད་དགོས་ཤིང་། ཀྲུང་གོས་མུ་མཐུད་དུ་དབྱི་ལང་གི་ཉིང་རྡུལ་ཞི་བའི་ངང་ཐག་གཅོད་པར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་རྒྱུ་ཡིན་ཟེར།    ནེ་ཅ་ཏི་ཡིས་བསྟན་དོན། དབྱི་ལང་དང་ཀྲུང་གོ་གཉིས་ཀ་གནའ་བོའི་ཤེས་རིག་དར་བའི་རྒྱལ་ཁབ་ཡིན་པ་དང་གནའ་བོའི་དར་གོས་འགྲུལ་ལམ་གྱིས་རྒྱལ་ཁབ་གཉིས་ཀ་མཉམ་དུ་སྦྲེལ་བ་དང་། དབྱི་ལང་ཀྲུང་གོས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་དགའ་སྤྲོ་སྐྱེས་ཡོད་པ་མ་ཟད། ཀྲུང་གོའི་བར་གྱི་མཛའ་མཐུན་འགྲོ་འོང་མུ་མཐུད་དུ་ཇེ་མང་དུ་གཏོང་བ་དང་། འབྱོར་ཚོང་དང་ནུས་ཁུངས། ཞིང་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ལ། མི་ཚུལ་བརྗེ་རེས་ལ་ཡར་སྐུལ་བྱེད་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་ཡང་ཕན་ཟེར།    ནེ་ཅ་ཏི་ཡིས་དབྱི་ལང་གི་ཉིང་རྡུལ་གནད་དོན་ཐད་ཀྱི་ལངས་ཕྱོགས་མཚམས་སྦྱོར་བྱས་པ་དང་། དབྱི་ལང་གིས་གླེང་མོལ་བྱས་ཏེ་ཉིང་རྡུལ་གནད་དོན་ཐག་གཅོད་པའི་རེ་བ་བཅངས་ཡོད་ལ། མུ་མཐུད་དུ་འབད་བརྩོན་བྱས་ཏེ་འབྲེལ་ཡོད་ཕྱོགས་སོ་སོར་འབྲེལ་འདྲིས་བྱེད་འདོད་ཡོད་ཟེར། 

  • ལེ་ཚན་སྔོན་མ།:མཚོ་ནུབ་ཁུལ་གྱི་ཞིང་སྡེའི་སློབ་མ་ཁྲི2.15ཡིས་རིན་མེད་སྒོས་བཅུད་ལྡན་ཟ་མ་ལོངས་སྤྱོད་བྱས་པ།
  • ལེ་ཚན་རྗེས་མ།:2012ལོའི་ཚོང་གཏམ་ཚོགས་འདུས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་འཕེལ་རྒྱས་གླེང་སྟེགས་སྤེལ་མགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།