རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2012-06-11
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་སློབ་མའི་ཟས་བཅུད་ལེགས་བཅོས་འཆར་འགོད་བཟོ་འགོད་ཉེ་སྔོན་ལག་བསྟར་བྱེད་འགོ་བརྩམས་པ་དང་། ཁུལ་ཡོངས་ཀྱི་སློབ་གྲྭ71གི་ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ21507གྱིས་རིན་མེད་སྒོས་བཅུད་ལྡན་ཟ་མ་ལོངས་སྤྱོད་བྱས།
ལས་གཞི་འདི་ལག་བསྟར་བྱེད་པའི་གོ་རིམ་ཁྲོད། མཚོ་ནུབ་ཁུལ་གྱི་རྫོང་དང་གྲོང་ཁྱེར། སྲིད་ཨུ་འགོ་ཁྲིད་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ལས་གཞི་འདི་ལ་ཚད་མཐོན་པོས་མཐོང་ཆེན་བྱས་ཏེ། ཞིབ་ཕྲའི་ལག་བསྟར་བྱེད་ཐབས་བཟོས་པ་དང་། སློབ་གསོ་ཅུའུ་དང་ལྟ་ཞིབ་ཅུའུ། འཕྲོད་བསྟེན་དང་ཟས་རིགས་སྨན་རྫས་ལྟ་ཞིབ་དོ་དམ་ཅུའུ་སོགས་སྲིད་གཞུང་ལས་ཁུངས་དག་ལས་གཞི་འདི་ལག་བསྟར་བྱེད་པའི་ཁྲོད་ཞུགས་ཡོད་ལ། བཅུད་ལྡན་ཟ་མ་ཉོ་སྡུད་དང་ལས་སྣོན། དབོར་འདྲེན། ཉར་ཚགས་དོ་དམ་སོགས་ཀྱི་ཐད་ལ་ཞིབ་ཕྲའི་ཆེད་དམིགས་ལམ་ལུགས་བཙུགས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10