བོད་ལྗོངས་ཀྱིས་ཕྱོགས་གང་ས་ནས་མཐོ་རྒྱུགས་བདེ་བླག་ཡོང་རྒྱུ་འགན་ལེན་བྱས་པ།

    བོད་ལྗོངས་གསར་འགྱུར་དྲ་བ།    2012-06-08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཐོ་རྒྱུགས་འཆར་ཉེར་ཡོད་པའི་སྐབས་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་མཐོ་རྒྱུགས་མ་བྱས་གོང་གི་གྲ་སྒྲིག་ལས་དོན་སྤེལ་ཚུལ་ཇི་ལྟར་ཡོད་དམ།འབྲེལ་ཡོད་སྡེ་ཚན་གྱིས་ནུས་ལྡན་བྱ་ཐབས་གང་དང་གང་སྤྱད་དེ་རང་ལྗོངས་ཀྱི་མཐོ་རྒྱུགས་དྲང་གཞག་དང་།གཞུང་དྲང་།ཡོངས་བསྒྲགས་བཅས་ཡོང་རྒྱུའི་འགན་ལེན་བྱེད་པའི་སྐོར་དོགས་གནད་བཅངས་ཏེ་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་དུ་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན།

བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཀྱི་འབྲེལ་ཡོད་འགན་འཁུར་བ་དབྱང་ཧྭས“2012ལོར་ལྗོངས་ཡོངས་ཀྱི་མཐོ་རྒྱུགས་ནང་རྒྱུགས་ཁུལ་10དང་།རྒྱུགས་སྤྲོད་ས་ཚིགས་23 རྒྱུགས་ར་663བཅས་བཙུགས་པའི་ནང་ལྷ་སར་རྒྱུགས་སྤྲོད་ས་ཚིགས་7དང་རྒྱུགས་ར་234དང་།གཞིས་རྩེར་རྒྱུགས་སྤྲོད་ས་ཚིགས་5དང་རྒྱུགས་ར་137 ལྷོ་ཁར་རྒྱུགས་སྤྲོད་ས་ཚིགས་3དང་རྒྱུགས་ར་3 ཉིང་ཁྲིར་རྒྱུགས་སྤྲོད་ས་ཚིགས་1དང་རྒྱུགས་ར་58 ཆབ་མདོར་རྒྱུགས་སྤྲོད་ས་ཚིགས་2དང་རྒྱུགས་ར་68 ནག་ཆུར་རྒྱུགས་སྤྲོད་ས་ཚིགས་1དང་རྒྱུགས་ར་27 མངའ་རིས་སུ་རྒྱུགས་སྤྲོད་ས་ཚིགས་1དང་རྒྱུགས་ར་9 གོར་མོར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་རུ་རྒྱུགས་སྤྲོད་ས་ཚིགས་1དང་རྒྱུགས་ར་3 བོད་ལྗོངས་མི་རིགས་སློབ་གླིང་དུ་རྒྱུགས་སྤྲོད་ས་ཚིགས་1དང་རྒྱུགས་ར་11 ཁྲེང་ཏུའུ་ས་ཁུལ་དུ་རྒྱུགས་སྤྲོད་ས་ཚིགས་1དང་རྒྱུགས་ར་15 བཅས་བཙུགས་པ་དང་མིག་སྔར་ས་ཁུལ་ཁག་གི་རྒྱུགས་སྤྲོད་ས་ཚིགས་བཀོད་སྒྲིག་བྱས་ཚུལ་གཞི་རྩའི་ཆ་ནས་དོན་ཐོག་ཏུ་འཁྱོལ་བ་དང་མཐོ་རྒྱུགས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་ཁག་བྱས་ཟིན་པ་རེད”ཅེས་བཤད་པ་རེད།

དབྱང་ཧྭ་ཡིས་འདི་ལོ་རང་ལྗོངས་ཀྱིས་རྒྱལ་ཁབ་སློབ་གསོ་རྒྱུགས་སྤྲོད་ཚད་གཞིའི་རྒྱུགས་སྤྲོད་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་སྒྲིག་འཛུགས་དང་ལག་བསྟར་བྱས་ཤིང་།མིག་སྔར་རྣམ་གྲངས་འཛུགས་སྐྲུན་འཕེལ་རིམ་བདེ་བླག་བྱུང་ནས་མཇུག་བསྡུའི་དུས་མཚམས་སུ་སླེབས་ཡོད།མིག་སྔར་རང་སྐྱོང་ལྗོངས་རིམ་པའི་བཀོད་འདོམས་ལས་སྟེགས་1དང་།ས་ཁུལ་དང་གྲོང་ཁྱེར་རིམ་པའི་བཀོད་འདོམས་ལས་སྟེགས་8 དང་གསང་སྲུང་ཁང་9དང་རྒྱུགས་སྤྲོད་ཁུལ་9 རྒྱུགས་སྤྲོད་ས་ཚིགས་25 རྒྱུགས་ར880བཅས་ཀྱི་རྒྱལ་ཁབ་སློབ་གསོའི་རྒྱུགས་སྤྲོད་ཚད་གཞི་ཅན་གྱི་རྒྱུགས་སྤྲོད་ས་ཚིགས་འཛུགས་སྐྲུན་བྱས་ནས་དྲ་བའི་བརྙན་འཕྲིན་སྐོར་ཞིབ་མ་ལག་དང་།འཕྲལ་སྡོམ་བཀོད་འདོམས་མ་ལགཡིག་རྒྱུགས་ལྐོག་བལྟ་སྔོན་འགོག་ཚོད་འཛིན་མ་ལགམི་ངོ་མ་ཡིན་མིན་དབྱེ་འབྱེད་མ་ལགརྒྱུགས་སྤྲོད་ལས་དོན་གྱི་ཕྱོགས་བསྡུས་དོ་དམ་མ་ལག་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་ཅིག་ཆགས་ནས་རྒྱལ་ཁབ་དང་།རང་སྐྱོང་ལྗོངས།ས་ཁུལ(གྲོང་ཁྱེར)རྒྱུགས་སྤྲོད་ས་ཚིགས་ཁག་གི་སློབ་གྲྭ་བཅས་རིམ་པ་བཞི་པའི་རྒྱང་རིང་དྲ་བའི་གློག་རྡུལ་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ་ཡིན་པ་རེད།རྒྱལ་ཁབ་ཀྱི་ཚད་གཞི་ཅན་གྱི་རྒྱུགས་སྤྲོད་ས་ཚིགས་བཙུགས་པ་དེས་རང་ལྗོངས་ཀྱི་སློབ་གསོའི་རྒྱུགས་སྤྲོད་ཁོར་ཡུག་ལེགས་སུ་ཆེས་ཆེར་གཏོང་རྒྱུ་ཡིན་པ་རེད།དེ་དག་ལས་འདི་ལོ་ལྗོངས་ཡོངས་ཀྱི་རྒྱུགས་སྤྲོད་སློབ་མ་ཡོངས་རྒྱལ་ཁབ་ཀྱི་ཚད་གཞི་ཅན་གྱི་རྒྱུགས་རའི་ནང་བཀོད་སྒྲིག་བྱེད་པ་ལས་ཚད་གཞི་ཅན་མིན་པའི་རྒྱུགས་རར་རྒྱུགས་སྤྲོད་སློབ་མ་བཀོད་སྒྲིག་མི་བྱེད་པ་མཚོན་ཡོད་ཅེས་བཤད་པ་རེད།

རྒྱུགས་སྤྲོད་སློབ་མར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་མཐོ་རྒྱུགས་ལས་དོན་བདེ་བླག་ཡོང་རྒྱུར་འགན་ལེན་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཡིད་ཚིམ་པའི་ལན་ཞིག་འདེབས་ཆེད་འདི་ལོ་དེ་སྔོན་གྱི་མཐོ་རྒྱུགས་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་གིས་རྒྱུགས་སྤྲོད་བདེ་འཇགས་གསང་སྲུང་ལས་དོན་དང་མཐོ་རྒྱུགས་ལས་དོན་གྱི་དོ་དམ་བྱ་ཤུགས་ལ་གཙོ་གནད་དུ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་གསལ།2012ལོར་ལྗོངས་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་རྒྱུགས་སྤྲོད་ཀྱི་སློབ་མ་ཁྱོན་19008ཡོད་པ་དང་2012ལོར་ལྗོངས་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་གྲྭས་སློབ་མ་11545བསྡུ་རྒྱུ་ཡིན་པ་རེད།སྔོན་རྩིས་བྱས་ན་འདི་ལོ་མཐོ་རྒྱུགས་ཀྱི་སློབ་བསྡུ་བྱེད་ཚད་60.7%ཟིན་རེ་ཡོད་པ་དེ་ན་ནིང་ལས་བརྒྱ་ཆའི་གྲངས་0.6མང་བ་ཡོད་པ་རེད།  ། 

  • ལེ་ཚན་སྔོན་མ།:རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུའི་ཁོར་ཡུག་སྲུང་འཛིན་ལེགས་པོ་ཐོབ་པ།
  • ལེ་ཚན་རྗེས་མ།:ཀྲང་ཀོང་རོང་གིས་ཡུས་ཧྲུའུ་ཡི་ཆུ་ལོག་འགོག་པའི་བྱ་བར་རྟོག་ཞིབ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།