རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། ཞིན་ཧྭ་དྲ་བ། 2012-06-08
མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲང་ལན་ཆིན་གྱིས་མཚམས་སྦྱོར་བྱེད་རྒྱུར། 2011ལོར། མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་བཞུར་ཆུའི་སྤུས་ཚད《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི》ཚད་རིམ2ཡན་ལ་སླེབས་ཡོད་པ་དང་། སྤྱི་ཡོངས་ནས་སྤུས་ཚད་ལེགས་པོ་ཐོབ་ཡོད།
རྒྱང་ཚོར་བརྟག་བཤེར་ཚད་ལེན་ལས་མཚོན་པ་ལྟར་ན། 2011ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ས་ངོས་ཆུའི་ཐོན་ཁུངས་ཚད་སྤྱི་ཡོངས་ནས་ལོ་ངོ་དུ་མའི་རིང་གི་ཆ་སྙོམས་ཆ་ཚད་ལས་མཐོ།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་མུས4000ལ་སླེབས་ཤིང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི39.5ཡོད་པ་དང་། ཆ་སྙོམས་ཀྱིས་ལོ་རེར་བཞུར་ཆུའི་སྨད་རྒྱུད་དང་དབུས་རྒྱུད་ས་ཁུལ་ལ་ཆུའི་ཐོན་ཁུངས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར600ལྷག་འདྲེན་བཞིན་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10