ལིག་ཡུན་ཧྲན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2013-04-25

 ལིག་ཡུན་ཧྲན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

ཟླ་བཞི་བའི་ཚེས་ཉི་ཤུ་ཉིན། ལིག་ཡུན་ཧྲན་གྱིས་བུའུ་ཞི་གྲོང་ཁྱེར་གྱི་སྲན་དམར་སྡེ་ཚོགས་ཀྱི་གཞི་རིམ་ཏང་འཛུགས་བྱ་བར་རྟོག་ཞིབ་མཛད།

ལིག་ཡུན་ཧྲན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན། ལིག་ཡུན་ཧྲན་གྱིས་ཁྲང་ཧྲུའུ་གྲོང་ཁྱེར་གྱི་ཅང་ཞང་སྡེ་བའི་མུའུ་སྟོང་གི་སྤུས་ལེགས་འབྲུ་རིགས་རྟེན་གཞི་ལ་རྟོག་ཞིབ་མཛད།


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཉེ་ལམ་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་སྐབས། ང་ཚོས་བློ་སེམས་རྩེ་གཅིག་སྒོས་མི་དམངས་ལ་ཞབས་ཕྱི་བསྒྲུབ་རྒྱུ་ནི་ཏང་གི་རྩ་བའི་དམིགས་འབེན་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་བཏོན་པའི་རེ་བ་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། གཞི་རིམ་ཞབས་ཕྱི་རང་བཞིན་གྱི་ཏང་གི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མི་དམངས་མང་ཚོགས་ལ་ཞབས་ཕྱི་བསྒྲུབ་རྒྱུ་དེ་གཞི་རིམ་ཏང་འཛུགས་བྱ་བའི་ནང་དོན་གཙོ་བོར་འགྱུར་བར་བྱེད་པ་དང་། རྒྱ་ཆེའི་གུང་ཁྲན་ཏང་མིའི་རང་རྟོགས་རེ་སྙེག་ཏུ་འགྱུར་བར་བྱས་ནས། མི་དམངས་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཟླ་བཞི་བའི་ཚེས་ཉི་ཤུ་ནས་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་བར་དུ་ལིག་ཡུན་ཧྲན་ཅང་སུའུ་ཞིང་ཆེན་གྱི་ཁེ་ལས་དང་ཞིང་སྡེ། སྡོད་ཁུལ་སོགས་ལ་ཕེབས་ནས་གནས་བབ་གསར་བའི་འོག་ཏུ་ཏང་འཛུགས་བྱ་བ་བསྒྲུབས་པའི་གནས་ཚུལ་ལ་རྟོག་ཞིབ་མཛད། ལིག་ཡུན་ཧྲན་གྱིས་ཅང་སུའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཅང་སུའུ་ཞིང་ཆེན་གྱིས་དཔེ་སྟོན་གཉིས་ཀྱི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་པའི་ཐུགས་རེ་བཏོན།

རྟོག་ཞིབ་མཛད་སྐབས། ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་རྩ་འཛུགས་བྱ་བ་དང་གཞི་རིམ་ཞབས་ཕྱིའི་རང་བཞིན་གྱི་ཏང་གི་རྩ་འཛུགས་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུང་དབྱང་གི་རེ་བ་དང་བཀོད་སྒྲིག་ལྟར། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དངོས་འབེབས་བྱེད་རྒྱུ་མགོ་ཚུགས་སར་བྱས་ཏེ། བྱ་སྤྱོད་འཛུགས་སྐྲུན་འབུར་དུ་ཐོན་པར་བྱེད་པ་དང་། དམངས་ཀྱི་དོན་དུ་དངོས་གཉེར་སྤྱོད་གཙང་བྱེད་པ་སོགས་ནང་དོན་གཙོ་བོ་ཡིན་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ནས་སྔར་ལྷག་གིས་ཁྱོན་ཡོངས་ནས་
  • ལེ་ཚན་རྗེས་མ།:ཨའོ་མན་གྱིས་སི་ཁྲོན་ས་ཡོམ་གནོད་འཚེ་ཕོག་ཁུལ་ལ་དངུལ་སྒོར་དུང་ཕྱུར1ཞལ་འདེབས་བརྒྱབ་པ།
  • དོ་སྣང་ཆེ་བའི་རྩོམ།