གེ་སར་ཟློས་གར་ཆེན་མོ《རྟ་རྒྱུག་རྒྱལ་འཇོག》བསྐྱར་བཅོས་འཁྲབ་སྟོན་བྱས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-06-04

གེ་སར་ཟློས་གར་ཆེན་མོ《རྟ་རྒྱུག་རྒྱལ་འཇོག》བསྐྱར་བཅོས་འཁྲབ་སྟོན་བྱས་པ།
གེ་སར་ཟློས་གར་ཆེན་མོ《རྟ་རྒྱུག་རྒྱལ་འཇོག》བསྐྱར་བཅོས་འཁྲབ་སྟོན་བྱེད་བཞིན་པ།
 

ཟླ5བའི་ཚེས24ཉིན་ནས་ཚེས25ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་རྟ་བོར་གྲོང་རྡལ་ནས་གེ་སར་ཟློས་གར་ཆེན་མོ《རྟ་རྒྱུག་རྒྱལ་འཇོག》ཐེངས་དང་པོའི་བསྐྱར་བཅོས་འཁྲབ་སྟོན་བྱས་པ་རེད། ཟློས་གར་ཆེན་མོ་འདིས་གླུ་གཞས་དང་། ཞབས་བྲོ། གློག་སྒྲོན། གྱོན་ཆས། འཁྲབ་ཆས་སོགས་གསར་བ་གསར་རྐྱང་ཞིག་ཀུན་གྱི་མཐོང་ལམ་དུ་མངོན་པས་གཟིགས་མོ་བས་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
              《རྟ་རྒྱུག་རྒྱལ་འཇོག》གི་འཁྲབ་གཞུང་ནི2007ལོ་ནས་བརྩམས་པ་དང་། ཐེངས་དུ་མར་བཟོ་བཅོས་དང་དཔྱད་སྡུར་བྱས་པར་བརྒྱུད་ནས2010ལོའི་ཟླ10བར་ཟི་ལིང་གྲོང་ཁྱེར་དུ་དངོས་སུ་འཁྲབ་སྟོན་བྱས། ཟློས་གར་ཆེན་མོ་འདི2010ལོ་དང2011ལོར་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཟློས་གར་གཙོ་བོར་བཞག་ནས་རྒྱབ་སྐྱོར་མ་དངུལ་འབོར་ཆེན་བཏང་སྟེ་བཟོ་བཅོས་བྱས། 《རྟ་རྒྱུག་རྒྱལ་འཇོག》གི་འཁྲབ་སྟོན་ལ་སྤྱི་ཚོགས་སྟེང་གདེང་འཇོག་ཆེན་པོ་ཐོབ་ཅིང་། 《གེ་སར》རིག་གནས་དེ་དམངས་ཁྲོད་ནས་རིམ་གྱིས་སྒྱུ་རྩལ་གྱི་སྟེགས་བུའི་སྟེང་མངོན་པས་གེ་སར་རིག་གནས་སྒྱུ་རྩལ་གྱི་ཞིབ་འཇུག་དང་འཕེལ་རྒྱས་ལ་ཁྱབ་ཁོངས་གསར་བ་དང་ལམ་བུ་གསར་བ་ཞིག་བརྟོལ་བ་རེད།

  • ལེ་ཚན་སྔོན་མ།:དགེ་རྒན་ཆེན་མོ་རྡོ་ལྷས་སྐད་བརྡའི་ཡིག་མཛོད་དཔྱད་ཐབས་ཀྱིས《གེ་སར》སྒྲུང་རིང་ཁྲོད་ཀྱི་སྐད་བརྡ་ལ་དཔྱད་པ།
  • ལེ་ཚན་རྗེས་མ།:མཚོ་ལྷོ་ཁུལ་མང་རྫོང་དུ་སྐབས་དང་པོའི་མི་སྒེར་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།