རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2012-05-25
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་ཟླ5བའི་ཚེས22ཉིན་ཆང་ཝེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིར་བདམས་པ་དང་། ལའོ་ཧུའེ་ཉིན་དང་ཝང་ཅན་ཅིན་གཉིས་ཧྲུའུ་ཅི་གཞོན་པར་བདམས། མུའུ་ཏུང་ཧྲིན་དང་ཞུའུ་ཧྥུ་ཧྲིན། ལའོ་ཡུས་ལིན། ཅི་ཏེ་མ་ཅ། རྡོ་རྗེ་རབ་བརྟན། ཆི་ཡུས། ཝང་ཞའོ་ཆིན། སུའུ་ཉིན། ཝུའུ་ཡུས་ཏི། མའོ་ཞའོ་པིན། བསྟན་ཁོ་བཅས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུར་བདམས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་། རྡོ་རྗེ་རབ་བརྟན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅིར་བདམས་པ་དང་། ཀྲང་ཝིན་ལིན་དང་ཀྲང་ཡུས་ཨེ། ཀུའུ་ཡུང་བཅས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་གཞོན་པར་བདམས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10