རང་རྒྱལ་གྱིས་འཛམ་གླིང་ཐོག་རྒྱ་ཁྱོན་ཆེས་ཆེ་བའི་ལས་རིགས་སློབ་གསོའི་མ་ལག་བསྐྲུན།

(མིག་དམར་གྱིས་བསྒྱུར།)        2012-05-22

ཞིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་བ5པའི་ཚེས14ཉིན་འབྱོར་བའི་གཏམ་གསར། ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱིས་འཛམ་གླིང་ཐོག་རྒྱ་ཁྱོན་ཆེས་ཆེ་བའི་ལས་རིགས་སློབ་གསོའི་མ་ལག་བསྐྲུན་ཞིང་།1978ལོ་ནས2011ལོའི་ལོ30ཡི་རིང་། ལས་རིགས་སློབ་གསོས་རྒྱལ་ཁབ་ལ་བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ལག་རྩལ་འཇོན་ལྡན་ཅན་བསྡོམས་པས་མི་དུང་ཕྱུར2ལྷག་གསོ་སྐྱོང་བྱས་པ་རེད།
    2011ལོར། རང་རྒྱལ་ལ་འབྲིང་རིམ་ལས་རིགས་སློབ་གྲྭ13177ཡོད་ཅིང་སློབ་གྲྭར་ཞུགས་པའི་སློབ་མ་ཁྲི2197ཡོད། མཐོ་རིམ་ལས་རིགས་སློབ་གྲྭ1280ཡོད་ཅིང་སློབ་གྲྭར་ཞུགས་པའི་སློབ་མ་ཁྲི744ཡོད། འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གྲྭར་ཞུགས་པའི་སློབ་མ་བསྡོམས་པས་ཁྲི3000ལ་ཉེ་བ་ཡོད། 2011ལོར། རང་རྒྱལ་གྱིས་སློབ་གྲྭ་དང་སློབ་གསོ་ལས་ཁུངས་ཀྱིས་སྤེལ་བའི་ལས་རིགས་སོ་སོའི་ལས་རིགས་ཀྱི་གསོ་སྐྱོང་སྦྱོང་བརྡར་བྱེད་ཚད་མིའི་ཐེངས་གྲངས་ཁྲི6000ལ་ཟིན།
     2007ལོ་ནས་བཟུང་རང་རྒྱལ་གྱི་སྲིད་གཞུང་གིས་འབྲིང་རིམ་ལས་རིགས་སློབ་གྲྭའི་ནང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ནས་ཁེ་ཕན་ཐོབ་པའི་སློབ་མ་བརྒྱ་ཆ90ལ་ཟིན། 2009ལོ་ནས་བཟུང་ཉིན་གང་ལམ་ལུགས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་ནང་ཞིང་སྡེའི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་དང་ཞིང་ལས་དང་འབྲེལ་བའི་ཆེད་ལས་སློབ་མར་སློབ་རིན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས། 2010ལོ་ནས་ཡང་གྲོང་ཁྱེར་གྱི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་རྒྱ་ཆེ་རུ་བཏང་སྟེ། 2011ལོར་རོགས་སྐྱོར་ཐོབ་པའི་སློབ་མ་ཁྲི395ལ་བསླེབས། མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མས་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་སློབ་ཞུགས་རོགས་དངུལ། སློབ་ཞུགས་རོགས་སྐྱོར་དངུལ་བུན་སོགས་བྱ་དགའ་དང་ཁ་གསབ་བྱ་རྒྱུའི་སྲིད་ཇུས་ལོངས་སུ་སྤྱད་པས་རོགས་སྐྱོར་པའི་རྒྱ་ཁྱོན་བརྒྱ་ཆ20ཡན་ལ་ཟིན་པ་རེད།
  • ལེ་ཚན་སྔོན་མ།:ཀྲུང་གུང་སི་ཁྲོན་ཞིང་ཆེན་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་མིང་ཐོ།
  • ལེ་ཚན་རྗེས་མ།:ཀྲུང་གོའི་བོད་རིག་པ་བ་དང་ཨ་རིའི་སི་ཐའན་ཧྥོར་ཊི་སློབ་ཆེན་གྱི་ཆེད་མཁས་པས་བཞུགས་མོལ་དང་བསམ་བློ་བརྗེ་རེས
  • དོ་སྣང་ཆེ་བའི་རྩོམ།