རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་ཐེངས་ཉེར་གཉིས་པར་སུའུ་ཉིན་གྱིས་དབང་བོ་སྐྱོན་ཅན་གྱི་མང་ཚོགས་ལ་འཚམས་འདྲི་བྱས་པ།

གཡང་འབུམ་རྒྱལ།        2012-05-22

ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན་ནི་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་ཐེངས་ཉེར་གཉིས་པ་ཡིན་པ་དང་། ཏག་ཏག་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཚོགས་པའི་སྐབས་དང་འཁེལ་ཡོད། བློ་མཐུན་སུའུ་ཉིན་གྱིས་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཟི་ལིང་གྲོང་ཁྱེར་ཏང་ཨུ། ཟི་ལིང་གྲོང་ཁྱེར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་འགྲོ་རོགས་འོག   དབང་བོ་སྐྱོན་ཅན་གྱི་མང་ཚོགས་སྐོར་ཞིག་ལ་འཚམས་འདྲི་བྱས། སུའུ་ཉིན་སོགས་ཐོག་མར་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་སི་ཐེ་ཙི་སྡེ་བའི་འཕྲོད་བསྟེན་ཁང་དུ་སོང་ནས།  སྡེ་བའི་དབང་བོ་སྐྱོན་ཅན་གྱི་སྨན་པ་ལུས་ཧྲིན་དང་ཁོའི་དབང་བོ་སྐྱོན་ཅན་གྱི་ཆུང་མ་གཉིས་ལ་འཚམས་འདྲི་བྱས་པ་དང་། ཡན་ལག་སྐྱོན་ཅན་གྱི་ལུས་ཧྲིན་གྱིས་རང་ཉིད་ཀྱི་བརྩོན་པའི་རང་སྦྱོང་ལ་བརྟེན་ནས་ཀྲུང་ལུགས་དང་ཕྱི་ལུགས་ཀྱི་སྨན་བཅོས་ལག་རྩལ་ཁོང་དུ་ཆུད་དེ། ས་དེའི་མང་ཚོགས་རྣམས་ལ་ནད་ཐོག་སྨན་བཅོས་བྱེད་པའི་གནས་ཚུལ་རྟོགས་རྗེས། སུའུ་ཉིན་གྱིས་ཁོའི་བྱ་བར་ཚད་མཐོན་པའོ་གདེང་འཇོག་དང་བསྟོད་བསྔགས་བྱས།མཁར་ཤར་ཆུའུ་ཡི་ཀྲུང་ལུགས་སྨན་ཁང་དུ་སུའུ་ཉིན་སོགས་ཀྱིས་ཏག་ཏག་ལས་གནས་སུ་བྱ་བ་སྒྲུབ་བཞིན་པའི་ཀྲུང་ལུགས་སྨན་ཁང་གི་མགོ་གཙོ་གཉིས་པ་དབང་བོ་སྐྱོན་ཅན་གྱི་ཀྲིན་ལིན་ཐེན་ལ་འཚམས་འདྲི་བྱས། སུའུ་ཉིན་གྱིས་བཤད་རྒྱུར། བློ་མཐུན་ཀྲིན་ལིན་ཐེན་ནི་དབང་བོ་སྐྱོན་ཅན་ཞིག་ཡིན་ནཡང་ཁོའི་ལོ་ངོ་ཉི་ཤུ་རིང་གི་སྨན་བཅོས་ལག་ལེན་གྱི་བྱ་བའི་ཁྲོད། རང་གི་ཚད་མཐོ་བའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ནད་པ་འབུམ་གཅིག་ལྷག་ན་བའི་སྡུག་བསྔལ་ལས་བཀྲོལ་བས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁས་ལེན་ཐོབ་ཅིང་། རྒྱལ་ཡོངས་ཀྱི་ལས་བཟོ་ལས་རིགས་ཀུན་སྤྱོད་འཛུགས་སྐྲུན་གྱི་སྔོན་ཐོན་མི་སྣའི་གཟོ་བརྗིད་མཚན་སྙན་ཐོབ། སུའུ་ཉིན་ཀྱིས་སྨྱན་བྱད་ལས་རིགས་ཀྱིས་ཁོ་ཚོའི་བླ་ན་མེད་པའི་བྱས་རྗེས་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ནས། སྤྱི་ཚོགས་ཡོངས་སུ་ཀྲིན་ལིན་ཐེན་ལྟ་བུའི་མིའི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་སྣང་བརྙན་གསར་བཞེངས་བྱེད་དགོས་པའི་རེ་བ་བཏོན།ཁྲའོ་ཡང་སྡོད་ཁུལ་ཆུང་བའི་རིག་པ་རྟུལ་བོའི་སྡོད་ཁུལ་གྱི་ཞབས་ཞུ་བྱ་བའི་ས་ཚིགས་སུ། སུའུ་ཉིན་གྱིས་རིག་པ་རྟུལ་བོའི་བྱིས་པས་བཟོས་པའི་མཛེས་ཤིང་རྒྱུ་སྤུས་ལེགས་པའི་ལག་ཤེས་བཟོ་ལས་ཐོན་རྫས་དང་བྱ་དགའི་དཔང་ཡིག་བཅས་མཐོང་རྗེས།  ཞབས་ཞུའི་ས་ཚིགས་ཀྱི་ལས་བྱེད་མི་སྣ་ཡོངས་ཀྱིས་བྱིས་པ་རྣམས་ཀྱི་ཆེད་དུ་དཀའ་ཚེགས་གང་མང་མྱངས་བར་ལྷག་བསམ་རྣམ་དག་གིས་བསྟོད་བསྔགས་བྱས།

  • ལེ་ཚན་སྔོན་མ།:ལི་ཁྲང་ཁྲུན་གྱིས་ཀོང་ཏུང་དུ་རྟོག་ཞིབ་མཛད།
  • ལེ་ཚན་རྗེས་མ།:འཕྲིན་ལས་རྒྱ་མཚོའི་ཕ་སྐད་ཆེད་སྒྲིག་ཐོག་མ《ཡར་ཡར་འགྲོ》འགྲེམ་སྤེལ་བྱེད་བཞིན་པ།
  • དོ་སྣང་ཆེ་བའི་རྩོམ།