རྒྱལ་ཡོངས་དམངས་ཆེན་བོད་ལྗོངས་འཐུས་མི་ཚོགས་པས་གླིང་ཆེན་ཡོ་རོབ་ཀྱི་དབྱི་ཧུའེ་གྲོས་ཚོགས་དང་པི་ལི་ཧྲིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་དབྱི་ཧུའེ་གྲོས་ཚོགས་ལ་འཚམས་འདྲི་ཞུས།

(གངས་སྐྱིད་ཀྱིས་བསྒྱུར།)        2012-05-21

རྒྱལ་ཡོངས་དམངས་ཆེན་བོད་ལྗོངས་འཐུས་མི་ཚོགས་པས་ཟླ་བ5པའི་ཚེས14ཉིན་གླིང་ཆེན་ཡོ་རོབ་ཀྱི་དབྱི་ཧུའེ་གྲོས་ཚོགས་དང་པི་ལི་ཧྲིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་དབྱི་ཧུའེ་གྲོས་ཚོགས་ལ་འཚམས་འདྲི་ཞུས་ཤིང་ཁག་བགོས་ཏེ་གླིང་ཆེན་ཡོ་རོབ་ཀྱི་དབྱི་ཧུའེ་གྲོས་ཚོགས་ཀྱི་གླིང་ཆེན་ཡོ་རོབ་དང་ཀྲུང་གོའི་མཛའ་མཐུན་ཚོ་ཆུང་གི་ཀྲུའུ་ཞི་ཏེ་ཝ་དང་།  གླིང་ཆེན་ཡོ་རོབ་ཀྱི་དབྱི་ཧུའེ་གྲོས་ཚོགས་ཀྱི་ཀྲུང་གོར་འབྲེལ་བའི་འཐུས་མི་ཚོགས་པའི་ཚོགས་དཔོན་ལི་ཧྥན་ལི་ཉིང་།  གླིང་ཆེན་ཡོ་རོབ་དང་ཀྲུང་གོའི་མཛའ་མཐུན་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨའོ་ཧན།  པི་ལི་ཧྲིའི་དབྱི་ཧུའེ་གྲོས་ཚོགས་ཀྱི་སྔོན་མའི་ཀྲུང་དབྱི་ཀྲང་ཧོ་ཨེར་མན་དང་རྒྱལ་ཁག་ཁག་གི་དབྱི་ཧུའེ་གྲོས་ཚོགས་ཀྱི་པི་ལི་ཧྲིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་དབྱི་ཧུའེ་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་བཞུགས་མོལ་ཞུས་ཡོད།
    འཐུས་མི་ཚོགས་པའི་ཚོགས་དཔོན།  རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།  བོད་ལྗོངས་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་བཞུགས་མོལ་དང་བརྗེ་རེས་ཞུ་དུས་ལས་དོན་དངོས་དང་གྲངས་ཀ་འབོར་ཆེན་བླངས་ཏེ་བོད་ལྗོངས་ཀྱིས་མིའི་ཐོབ་ཐང་སྲུང་སྐྱོང་བྱེད་པ་དང་།  ཆོས་དད་རང་མོས་བརྩི་བཀུར།  རང་བྱུང་ཁོར་ཡུག་སྲུང་སྐྱོང་།  ཚན་རྩལ་སློབ་གསོ་བྱ་གཞག་འཕེལ་རྒྱས། བོད་ལྗོངས་ཀྱི་རིག་གནས་སྲུང་སྐྱོང་།  དམངས་འཚོ་ལེགས་བཅོས།  ཡུན་རིང་གོང་འཕེལ་མངོན་འགྱུར་ཡོང་བ་བཅས་བྱེད་པར་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་ད་ལྟར་གྱི་འཕོ་འགྱུར་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད།
     ཏེ་ཝ་སོགས་དབྱི་ཧུའེ་པས་བཞུགས་མོལ་ཞུས་དུས་ཤར་ནུབ་ཕྱོགས་ཀྱི་ལོ་རྒྱུས་ཀྱི་དཔྱད་ཡིག་གི་ཐོག་གསལ་པོར་མཚོན་དོན། བོད་ལྗོངས་རྙིང་པ་ནི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ཡིན་པའི་སྤྱི་ཚོགས་ཡིན་པས།  རྒྱ་ཆེ་བའི་ཞིང་བྲན་པ་ནི་སྐུ་དྲག་གྲལ་རིམ་གྲངས་ཉུང་གིས་གཉའ་གནོན་བྱས་འོག་སྨན་བཅོས་དང་སློབ་གསོ་སོགས་གཞི་རྩའི་མིའི་ཐོབ་ཐང་ནི་འགན་ལེན་བྱེད་ཐབས་མེད་པ།དམངས་གཙོ་བཅོས་བསྒྱུར་མ་བྱེད་སྔོན་དང་ཁྱད་པར་ནི་ཞི་བདེ་བཅིངས་འགྲོལ་མ་བྱུང་སྔོན་གྱི་བོད་ལྗོངས་ནི་འཛམ་གླིང་ཐོག་ཆེས་དབུལ་ཕོངས་དང་།  ཆེས་རྗེས་ལུས་ཀྱི་ས་ཁུལ་ཡིན་པ།  དེ་རིང་གི་བོད་ལྗོངས་ཀྱི་དཔལ་འབྱོར་དང་།  སྤྱི་ཚོགས།  རིག་གནས་ཐམས་ཅད་ལ་སྒོ་ཀུན་ནས་འཕེལ་རྒྱས་བྱུང་ནས་དམངས་ཚོགས་ཀྱི་འཚོ་བ་ཡར་ཐོན་ཆེན་པོ་བྱུང་བ།  འདི་འདྲའི་ཡར་ཐོན་ནི་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་འོག་གཏན་ནས་ཐོབ་ཐུབ་རྒྱུ་མ་རེད་ཅེས་བཤད་པ།
  • ལེ་ཚན་སྔོན་མ།:ཀན་སུའུ་ཞིང་ཆེན་ཀན་ལྷོའི་ཡུས་ཀུའུ་རིགས་ཀྱི་འབྲོག་པ་ཕལ་ཆེན་གཅིག་བསྡུས་ཀྱིས་གཞིས་ཆགས་ཡོད།
  • ལེ་ཚན་རྗེས་མ།:ལི་ཁྲང་ཁྲུན་གྱིས་ཀོང་ཏུང་དུ་རྟོག་ཞིབ་མཛད།
  • དོ་སྣང་ཆེ་བའི་རྩོམ།