ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-05-17
དུས་ཡུན་ལོ་གཅིག་གི་གྲ་སྒྲིག་བྱ་བར་བརྒྱུད། 2012ལོའི་ཟླ4བའི་ཟླ་མཇུག་ཏུ་ཧ་ལམ་རྫོང་རུ་རིག་གནས་ཀྱི་རིག་དངོས15000ལྷག་སླར་སྤྲོད་བྱེད་པའི་བྱ་བ་མཇུག་སྒྲིལ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྫོང་རུ་རིག་གནས་ཀྱི་ལྟེ་གནས་ཡིན་ཞིང་། དུས་རབས་སྔོན་མའི་ལོ་རབས90ནང་རྫོང་རུ་རིག་གནས་འདི་གསར་རྙེད་དང་སྔོག་འདོན་བྱས་པ་དང་། བསྡོམས་པས་ས་ཁར་བཏོན་པའི་རིག་དངོས23000ལྷག་ཡོད། ཡིན་ཡང་མཚོ་ལྷོ་ཁུལ་གྱི་རིག་དངོས་བཤམས་སྟོན་ཁང་གི་ཉར་ཚགས་སྒྲིག་ཆས་ཞན་ཞིང་རྗེས་ལུས་ཡིན་པ་དང་། རིག་དངོས་རྟོག་ཞིབ་དང་ཞིབ་འཇུག་ཆེད་ལས་མི་སྣ་ཤིན་ཏུ་ཉུང་བའི་དབང་གིས་སྐབས་དེར་ས་ཁར་བཏོན་པའི་རིག་དངོས་ཡོད་ཚད་ཞིང་ཆེན་རིག་དངོས་ཅུའུ་ལ་སྤྲད་དེ་ཉར་ཚགས་བྱེད་དུ་བཅུག
མཚོ་ལྷོ་ཁུལ་མི་རིགས་རིག་དངོས་བཤམས་སྟོན་ཁང་གི་ཉར་གསོག་བྱ་བ་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་། རིག་དངོས་ཀྱི་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དེ་མིན་རྨང་གཞི་འདིའི་སྟེང་མཚོ་ལྷོའི་སྤྱི་ཕན་རང་བཞིན་གྱི་རིག་གནས་ལས་དོན་ལས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར། 2011ལོའི་ལོ་མཇུག་ཏུ་མཚོ་ལྷོ་ཁུལ་དང་ཞིང་ཆེན་རིག་གནས། གསར་འགྱུར་པར་སྐྲུན་ཐིན། ཞིང་ཆེན་རིག་དངོས་ཅུའུ་བཅས་ཀྱིས་གྲོས་ཞིབ་བྱས་པར་བརྒྱུད་རིག་དངོས་སླར་སྤྲོད་བྱེད་པར་མོས་མཐུན་བྱུང་།
2012ལོའི་ལོ་མགོར་རིག་དངོས་སླར་སྤྲོད་བྱ་བ་འགོ་བརྩམས་ཤིང་། ཟླ4བའི་ཟླ་མཇུག་བར་སྐབས་དང་པོའི་རིག་དངོས་སླར་སྤྲོད་བྱ་བ་ཕལ་ཆེར་མཇུག་སྒྲིལ། ཐེངས་འདིའི་རིག་དངོས་གཅེས་ནོར100ལྷག་སྟེ། དེའི་ནང་རྫ་ཆས80དང་། རུས་ཆས10། རྡོ་ཆས9། གཡང་ཊི1བཅས་ཡོད་ལ། ད་སྔ་བར་མཚོ་ལྷོ་ཁུལ་མི་རིགས་རིག་དངོས་བཤམས་སྟོན་ཁང་གིས་རྫོང་རུ་རིག་གནས་ཀྱི་རིག་དངོས16000ལྷག་ཉར་ཚགས་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10