བྱམས་སེམས་ཅན་ཞིག་གིས་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པར་ཞལ་འདེབས་ཕུལ་བ།

ལྷ་མོ་ཚེ་སྐྱིད།        2012-05-17

བྱམས་སེམས་ཅན་ཞིག་གིས་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པར་ཞལ་འདེབས་ཕུལ་བ།
ཞལ་འདེབས་ཕུལ་བའི་ཡུལ་དངོས་ཀྱི་རྣམ་པ།
 

 ཉེ་ལམ།  བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་བོད་རིགས་བྱམས་སེམས་ཅན་ཞིག་གིས་རང་ནུས་ཅི་ཐུབ་ཀྱིས་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པར་ཞལ་འདེབས་ཕུལ་བ་སྟེ།  《ཤིན་ཧྭ་རྒྱ་ཡིག་ཚིག་མཛོད》100དང་། 《བོད་ཡིག་དག་ཡིག་གསར་བསྒྲིགས》100། ཞ་སྨྱུག200སོགས་སློབ་སྦྱོང་གི་མཁོ་ཆས་འདུས། བྱེད་སྒོ་འདིའི་སྟེང་སློབ་གྲྭའི་དགེ་སློབ་ཡོངས་ཞུགས་ཤིང་། ཞལ་འདེབས་འབུལ་མཁན་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་རེད།
 

བྱམས་སེམས་ཅན་ཞིག་གིས་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པར་ཞལ་འདེབས་ཕུལ་བ།
ཞལ་འདེབས་ཕུལ་བའི་ཟུར་ཞིག
 

 ཏག་ཏག་བྱམས་སྙིང་རྗེའི་བསམ་པ་ལྡན་ན།  དགྱེས་འབྱོར་གྱི་ནོར་རྩ་ཆེན་པོ་མེད་ཀྱང་ནུས་ཡོད་ཀྱིས་གཞན་ཕན་སྒྲུབ་ཐུབ་ཅིང་།  དེ་ལས་ལྡོག་སྟེ་གཞན་ཕན་གྱི་བསམ་བློ་མ་ངེས་པར་སྒེར་སེམས་ཁོ་ནས་ནོར་ལོངས་སྤྱོད་རི་རབ་ལས་མཐོ་ཡང་དགོས་པ་ཆེར་མི་མཐོང་བས། དངོས་བོའི་དཔལ་ཡོན་གོང་ནས་གོང་དུ་འཕེལ་བཞིན་པ་དང་བསམ་པའི་དཔལ་ཡོན་སྔར་ལས་སྲ་བརྟན་དུ་གཏོང་བའི་དེང་གི་དུས་འདིར། སྤྱི་ཚོགས་ལས་རིགས་སོ་སོའི་མི་རྣམས་ལའང་གཞན་ཕན་གྱི་ལས་ལ་གཞོལ་བའི་བསམ་པའི་འཁྱེར་སོ་གཅིག་མཐུན་དུ་སྣང་སྲིད་པའི་ཁར། མུ་མཐུད་དུ་ཉམ་ཆུང་ལ་རོགས་འདེགས་བྱེད་པར་ཡང་ནས་ཡང་དུ་སྨོན།
 

བྱམས་སེམས་ཅན་ཞིག་གིས་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པར་ཞལ་འདེབས་ཕུལ་བ།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པ།
 

མཐར། ཁོས་བོད་ལྗོངས་ཆབ་མདོ་ས་ཁུལ་ནས་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པར་ཞལ་འདེབས་ཕུལ་པ་འདིས་སློབ་མའི་སློབ་སྦྱོང་གི་འཚོ་བར་ཕན་ཐོགས་ཆེན་པོ་ལྡན་པ་མ་ཟད།  སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་གཞན་དག་ལའང་མ་དཔེ་གཞན་སྟོན་གྱི་ནུས་པ་ཆེ་ཆེར་ཐོན་ཡོད་པས།  འདིར་ཁོ་བོ་ལྟ་བུའི་གཞན་ཕན་ལས་ལ་འབད་པའི་མི་བུ་དག་ལ་དགའ་གུས་དང་ཡི་རང་བྱེད་པར་རིགས་སོ།། 

  • ལེ་ཚན་སྔོན་མ།:ཐང་གའི་བརྩམས་ཆོས་བརྒྱ་ལྷག་ལན་ཀྲུའུ་ནས་འགྲེམ་སྟོན་བྱས་པ།
  • ལེ་ཚན་རྗེས་མ།:མཚོ་ལྷོ་ཁུལ་རིག་དངོས་བཤམས་སྟོན་ཁང་གི་རྫོང་རུ་རིག་གནས་ཀྱི་རིག་དངོས་ཁྲི་ལྷག་སླར་སྤྲོད་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།