ཞིང་པ་དང་གྲོང་ཁྱེར་དུ་ལས་ཀར་བསྐྱོད་པའི་ལས་མིའི་རིག་གནས་ཐུགས་ཁུར་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

        2012-05-14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས10ཉིན་ཡོངས་བསྒྲགས་བྱས་པའི་རིག་གནས་པུའི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་གི་རིག་གནས་བསྒྱུར་བཅོས་དང་གོང་འཕེལ་འཆར་འགོད་ཅེས་པའི་ནང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་སྟེ། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད་པ་རེད།

འཆར་འགོད་ནང་། གྲོང་ཁྱེར་དུ་བསྐྱོད་པའི་ལས་མི་གྲོང་ཁྱེར་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་ཁྱབ་ཁོངས་ནང་བཅུག་སྟེ། སྤྱི་པའི་རིག་གནས་ཐོན་ཁུངས་བགོ་འགྲེམས་ལུགས་མཐུན་བྱེད་དགོས་པ་དང་། ཤར་རྒྱུད་ས་ཁུལ་གྱིས་ནུབ་རྒྱུད་ས་ཁུལ་ལ་རིག་གནས་རོགས་སྐྱོར་བྱེད་པ་དང་། དར་རྒྱས་ཆེ་བའི་ས་ཁུལ་གྱིས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་རིག་གནས་རོགས་སྐྱོར་བྱེད་པ། གྲོང་ཁྱེར་གྱིས་གྲོང་གསེབ་ལ་རིག་གནས་རོགས་སྐྱོར་བྱེད་པ་བཅས་ཀྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་འཁོད་ཡོད་པ་དང་།

འཆར་འགོད་ནང་། རིག་གནས་འཛུགས་སྐྲུན་གྱི་དཔྱིད་ཆར་ལས་གཞི་ལག་བསྟར་བྱེད་དགོས་པ་དང་། མུ་མཐུད་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་གཞི་རིམ་སྤྱི་པའི་རིག་གནས་ཀྱི་རྨང་གཞིའི་སྒྲིག་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། སྒྱུ་རྩལ་སློབ་གྲྭའི་སློབ་མ་དང་། རིག་རྩལ་ལས་དོན་པ། རིག་གནས་ཀྱི་སྤྱི་ཕན་བྱ་གཞག་ལ་དགའ་བའི་ལས་རིགས་ཁག་གི་མི་སྣ་བཅས་ཀྱིས་རིག་གནས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ། རྒྱལ་ཡོངས་ཀྱི་རིག་གནས་དང་བླངས་པའི་མཐའ་མཚམས་སུ་བསྐྱོད་པའི་བྱེད་སྒོ་སྤེལ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:ཀན་སུའུ་མིན་རྫོང་དུ་ཆུ་ལོག་དང་སེར་བའི་གནོད་འཚེ་ཚབས་ཆེན་ཕོག་པ།
  • ལེ་ཚན་རྗེས་མ།:༼འབྲོང༽ཞེས་པའི་རྩོམ་རིག་དཔེ་ཚོགས་འདོན་ཐེངས་དང་བོ་བདམས་བསྒྱུར་བྱས་ཚར།
  • དོ་སྣང་ཆེ་བའི་རྩོམ།