ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོའི་བོད་ལྗོངས་དྲ་བ། 2012-05-09
དྲག་ཆས་བོད་ལྗོངས་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་སྨན་པས་དགའ་ལྡན་དགོན་པའི་གྲྭ་བཙུན་རྣམས་ལ་སྨན་རྫས་བཀོལ་སྤྱོད་བྱེད་སྟངས་གསལ་བཤད་བྱེད་བཞིན་ཡོད་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས7ཉིན། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་ཆེད་མཁས་པའི་ཚན་ཆུང་ལྷ་ས་གྲོང་ཁྱེར་དང་དགའ་ལྡན་དགོན་པ་དག་ལ་སོང་ནས། དགོན་པ་འདིའི་གྲྭ་བཙུན་རྣམས་ལ་ལུས་ཁམས་ཞིབ་བཤེར་དང་བདེ་ཐང་ཡིག་ཚགས་བཟོ་བ། ཡུལ་དངོས་སུ་སྨན་བཅོས་བྱེད་པ། རྒྱུན་བཀོལ་སྨན་རྫས་འགྲེམ་གཏོང་བྱེད་པ་བཅས་ཀྱི་བྱ་འགུལ་སྤེལ། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ལུས་ཁམས་ཞིབ་བཤེར་བྱ་འགུལ་ནི་ལྷ་ས་གྲོང་ཁྱེར་གྱིས་གཅིག་གྱུར་སྒོས་རྩ་འཛུགས་བྱས་པའི་དམངས་ཕན་བྱ་འགུལ་ཐེངས་ཤིག་ཡིན་པ་དང་། བསྡོམས་པས་གྲྭ་བཙུན5000ལྷག་ཐེངས་འདིའི་བྱ་འགུལ་ཁྲོད་ལུས་ཁམས་ཞིབ་བཤེར་དང་སྨན་བཅོས་ཐོབ། །
དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་སྨན་པས་དགའ་ལྡན་དགོན་པའི་གྲྭ་བཙུན་རྣམས་ལ་རིན་མི་དགོས་པར་ལུས་ཁམས་ཞིབ་བཤེར་བྱེད་པའི་རེའུ་མིག་འགྲེམ་གཏོང་བྱེད་བཞིན་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10