ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-04-26
《ཐར་ལམ》ཞེས་པའི་བོད་རིགས་གློག་བརྙན་ལ་ནུབ་རྒྱུད་སློབ་ཆེན་པའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཐོབ།
རྒྱུས་ལོན་པ་ལྟར་ན། སྐབས་དང་པོའི་ཀྲུང་གོའི་ནུབ་རྒྱུད(ལན་གྲུ)སློབ་ཆེན་པའི་གློག་བརྙན་དུས་སྟོན་དེ་མིག་སྔར་ལན་གྲུ་འགྲིམ་འགྲུལ་སློབ་ཆེན་དུ་སྤེལ་ཞིང་། བོད་ཀྱི་གློག་བརྙན《ཐར་ལམ》ཞེས་པར་ནུབ་རྒྱུད་སློབ་ཆེན་པའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་མ་ཟད། ན་གཞོན་འཁྲབ་གཞུང་རྩོམ་པ་པོ་འཆི་མེད་ཚེ་རིང་ལ་ཕུལ་བྱུང་འཁྲབ་གཞུང་རྩོམ་པ་པོའི་བྱ་དགའ་ཐོབ་པ་རེད།
གློག་བརྙན་འདིའི་འཁྲབ་གཞུང་ནི་ཀན་ལྷོ་མི་དམངས་རྒྱང་བསྒྲགས་ཁང་གི་རྩོམ་སྒྲིག་དང་གསར་འགོད་པ་འཆི་མེད་ཚེ་རིང་གིས་བརྩམས་པ་ཡིན་ཞིང་། དེ་སྔོན《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང《དྲི་མེད་ཀུན་ལྡན་འཚོལ་བ》སོགས་གློག་བརྙན་ནང་འཁྲབ་སྟོན་བྱས་མྱོང་བའི་དཀའ་ཐུབ་བཀྲ་ཤིས་ཀྱིས་གློག་བརྙན་འདིར་འཁྲབ་ཁྲིད་གནང་བ་དང་། པེ་ཅིང་གློག་བརྙན་སློབ་གླིང་ནས་མཐར་ཕྱིན་པའི་འཇམ་དབྱམས་དབང་ཕྱུག་གིས་གློག་བརྙན་ཕབ་སྐྲུན་གྱི་འགན་བཞེས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10