ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་མགྲོན་པོར་མཇལ་འཕྲད་གནང་བ།

བཀྲ་ཤིས་འབུམ།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-04-26

ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་མགྲོན་པོར་མཇལ་འཕྲད་གནང་བ།
 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཚེས་ཉེར་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རང་རྒྱལ་ལ་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཧྭ་ཐི་ཏེ་སི་ཉི་ཀུང་ཟིའི་ཏུང་ཧྲི་ཀྲང་དང་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ལོ་པོ་ཐི་ཨེ་ཀི་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཚེས་ཉེར་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རང་རྒྱལ་ལ་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཧྭ་ཐི་ཏེ་སི་ཉི་ཀུང་ཟིའི་ཏུང་ཧྲི་ཀྲང་དང་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ལོ་པོ་ཐི་ཨེ་ཀི་ལ་མཇལ་འཕྲད་གནང་།མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཅང་མ་འགོར་བའི་སྔོན་ལ་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཧྲིག་ཨར་ནས་ཚོགས་པའི་ཉིང་རྡུལ་བདེ་འཇགས་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་ཙུང་ཐུང་ཨོ་པ་མ་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ལྟ་ཚུལ་གཅིག་མཐུན་བྱུང་། ཟླ་གཉིས་པར་ཙུང་ཐུང་གཞོན་པ་པད་ཏིན་གྱིས་གདན་དྲངས་པ་ལྟར་བདག་གིས་ཨ་མེ་རི་ཁར་འཚམས་འདྲི་བྱས་ནས་གྲུབ་འབྲས་བཟང་བོ་ཐོབ་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཕྱོགས་གཉིས་ཀ་ཉོ་ཚོང་གྲོགས་པོ་བཟང་བོར་གྱུར་བ་དེས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན། དེ་དང་མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་ཉོ་ཚོང་འབྲེལ་བའི་ཕྱོགས་སུ་ད་དུང་ཐག་གཅོད་དགོས་པའི་གནད་དོན་ཁ་ཤས་གནས་ཡོད་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན་པས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཁྱོན་ཡོངས་དང་རྒྱང་རིང་ལ་དམིགས་ཏེ། འདྲ་མཉམ་སྒོས་གྲོས་མོལ་བྱས་ནས་དཔལ་འབྱོར་ཉོ་ཚོང་ཐད་ཀྱི་འགལ་བ་འོས་འཚམ་སྒོས་ཐག་གཅོད་བྱེད་དགོས་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་མ་དངུལ་གཏོང་བར་རྒྱབ་སྐྱོར་བྱས་ནས་དཔལ་འབྱོར་ཉོ་ཚོང་གནད་དོན་དེ་ཆབ་སྲིད་ཅན་དུ་འགྱུར་བར་སྔོན་འགོག་བྱེད་དགོས་ཟེར།ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རིག་གནས་ནི་མི་རྣམས་ཀྱི་བསམ་པ་གཅིག་ཏུ་སྒྲིལ་བའི་སྒྲོག་ཐག་ལྟ་བུ་ཡིན་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བའི་ཟམ་པ་ལྟ་བུ་ཡིན། ཀྲུང་གོ་དང་ཨ་མེ་རི་ཁའི་མི་དམངས་ཀྱི་བར་ཐག་ཇེ་ཉེ་རུ་གཏོང་བར་རིག་གནས་བརྗེ་རེས་ཀྱིས་ནུས་པ་ཆེན་པོ་ཐོན་ཡོད་ལ། རིག་གནས་དེ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ནི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པའི་རྒྱལ་ཁབ་ཡིན་པས་ཕྱོགས་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་རིག་གནས་བརྗེ་རེས་སྔར་ལས་ཇེ་མང་དུ་གཏོང་དགོས་ཟེར།ཞི་ཅིན་ཕེན་གྱིས་ཏེ་ཧྲི་ཉི་ནི་འཛམ་གླིང་ཡོངས་སུ་མིང་གྲགས་ཆེ་བའི་རོལ་རྩེད་ཁེ་ལས་ཤིག་ཡིན་པ་དང་ཀྲུང་གོ་མི་དམངས་ལ་ཆ་རྒྱུས་ཡོད་ཅིང་། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་ནས་ཀུན་གྱིས་ཡིད་འཇོག་བྱེད་པའི་གྲུབ་འབྲས་བླངས་པ་དང་མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་རིག་གནས་བརྗེ་རེས་ཐད་ལ་ཧུར་ཐག་གིས་འབད་བརྩོན་བྱེད་བཞིན་པ་འདི་ལ་ཀྲུང་གོ་སྲིད་གཞུང་གིས་དགའ་བསུ་དང་བཟང་བསྟོད་བྱེད་བཞིན་ཡོད་ཅེས་གསུངས་ཤིང་། ཧྲང་ཧེ་ཏེ་ཧྲི་ཉི་རོལ་རྩེད་ཁང་སྔ་མོ་ནས་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུས།ཨེ་ཀི་ཡིས་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་གིས་དུས་ཡུན་རིང་བོར་ཏེ་ཧྲི་ཉི་ཀུང་ཟིས་ཀྲུང་གོ་ནས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ། ཏེ་ཧྲི་ཉི་ཀུང་ཟིས་ཀྲུང་གོའི་ཚོང་རར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཧྲང་ཧེ་ཏེ་ཧྲི་ཉི་རོལ་རྩེད་ཁང་དང་སྤྲོ་གསེང་ས་ཁུལ་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་བཟུང་སྟེ་ཧུར་ཐག་སྒོས་ཏེ་ཧྲི་ཉིའི་ཕུལ་བྱུང་མི་སྣའི་གཏམ་རྒྱུད་དང་ཐུན་མོང་མ་ཡིན་པའི་ཀྲུང་གོའི་རིག་གནས་རྒྱུ་ཆ་ཟུང་འབྲེལ་བྱས་ནས། ཨ་མེ་རི་ཁ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་རིག་གནས་བརྗེ་རེས་ལ་སྔར་ལས་སྐུལ་འདེད་གཏོང་དགོས་ཟེར།
 

  • ལེ་ཚན་སྔོན་མ།:བོད་ཀྱི་གླུ་གཞས་མཚོན་རྟགས་ཏེ《མཁའ་ལམ་མེ་ཏོག》ཅེས་པ་འཁྲབ་སྟོན་ཚོང་རར་འགྲེམ་རྒྱུ་རེད།
  • ལེ་ཚན་རྗེས་མ།:བོད་ཀྱི་གློག་བརྙན《ཐར་ལམ》ཞེས་པར་ནུབ་རྒྱུད་སློབ་ཆེན་པའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།