མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཐེངས་གཉིས་པའི་འཐུས་མི་ཚོགས་ཆེན་བསྡུས།
སྤྱི་ཟླ10བའི་ཚེས15ནས་ཚེས16བར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཐེངས་གཉིས་པའི་འཐུས་མི་ཚོགས་ཆེན་དེ་མཚོ་ལྷོ་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པ་ལི་ཤོའོ་ཡན་དང་། ཁུལ་དམངས་ཆེན་གྱི་འགོ་གཙོ་གཞོན་པ་གསེར་མཚོ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིན་ཆིན་ཅི། ཁུལ་སྲིད་གྲོས་ཀྱི་འགོ་གཙོ་གཞོན་པ་རིན་ཅན་མིན། དེ་མིན་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་རྒན་པ་རྣམས་དང་། རྩོམ་པ་པོ་རྒན་པ། སྒྱུ་རྩལ་པ་རྒན་པ། མ་ཟད་རྩོམ་རིག་སྒྱུ་རྩལ་ལས་དོན་ལ་ཐུགས་ཁུར་ཆེ་བའི་ཆེད་ཞུས་འཐུས་མི། མཚོ་ལྷོ་ཁུལ་དང་གསེར་ཆེན་རྫོང་གི་རིག་གནས་ལུས་རྩལ་རྒྱང་སྒྲོག་སྡེ་ཁག་གི་ལས་སྒྲུབ་མི་སྣ་སོགས་ཚོགས་འདུར་ཞུགས་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏུའུ་ཁྲིན་ཀྲུང་གིས་གྲོས་ཚོགས་ལ་མདོ་འཛིན་མཛད།
མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་གྲོས་ཚོགས་སུ་ཞུགས་ཏེ་གཏམ་བཤད་གནང་།
མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅིའམ་ཀྲུའུ་ཞི་གཞོན་པ་ཁུན་ཀྲན་ཝེ་ཡིས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ་ཏེ། མཚོ་ལྷོ་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཐེངས་དང་པོའི་འཐུས་མི་ཚོགས་ཆེན་བསྡུས་པ་ནས་བཟུང་བའི་བྱ་བར་ཕྱིར་དྲན་དང་། མ་འོངས་ལོ་ལྔའི་བྱ་བའི་འོས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་། གྲོས་ཚོགས་སུ་བྱ་བའི་སྙན་ཞུ་དང་གསར་དུ་བཟོ་བཅོས་བྱས་པའི《མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག(འཆར་ཟིན)》ལ་གྲོས་མཐུན་བྱུང་བ་དང་། སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་ཞིང་། བློ་མཐུན25ནི་སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དུ་བསྐོས་པ་དང་། ཁུན་ཀྲན་ཝེ་ནི་སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོར་བདམས།
མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅིའམ་ཀྲུའུ་ཞི་གཞོན་པ་ཁུན་ཀྲན་ཝེ་ཡིས་བྱ་བའི་སྙན་ཞུ་ཕུལ།
ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་སྐབས་དང་པོའི་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བར་ཁས་ལེན་ཐོབ་ཅིང་། ཁོས་བསམ་དོན། མཚོ་ལྷོ་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་དཔུང་ཁག་ནི་བསམ་བློའི་སྤུས་ཚད་མཐོ་ཞིང་ལས་རིགས་སྤུས་ཚད་ལེགས་པ། སྐྱེས་སྟོབས་ལྡན་པའི་དཔུང་ཁག་ཅིག་ཡིན་ལ། མཚོ་ལྷོ་ཁུལ་གྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ནུས་ཤུགས་ཆེན་པོ་ཡིན། མ་ཟད་ཁོང་གིས་རྗེས་ཕྱོགས་ཀྱི་བྱ་བར་རེ་བ་ནན་མོ་བཅིང་ཡོད་དེ། རྩོམ་རིག་སྒྱུ་རྩལ་བྱ་སྒྲུབ་པ་དང་རྩོམ་རིག་སྒྱུ་རྩལ་རྩ་འཛུགས་ལས་ཁུངས་ཀྱིས་ངེས་པར་དུ། གཅིག་ནས་གནས་བབ་ངོས་ཟིན་བྱུང་སྟེ་འོས་འགན་ཕྲག་ཏུ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ནང་སྙིང་རིན་ཐང་ལྟ་བའི་སྣེ་ཁྲིད་པར་འགྱུར་རྒྱུ། གཉིས་ནས་རང་རློམ་ཆེན་པོས་རང་སྐྱོང་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་ལས་དོན་གོང་དུ་སྤེལ་བའི་གཙོ་ཤུགས་སུ་འགྱུར་རྒྱུ། གསུམ་ནས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱེད་ཐབས་དྲག་ཏུ་གཏོང་བར་བརྒྱུད། ཕྱོགས་ཡོངས་ནས་རྩོམ་རིག་སྒྱུ་རྩལ་ལས་དོན་འཕེལ་རྒྱས་དང་ཕུན་ཚོགས་སུ་གཏོང་བའི་ཁ་དབུགས་དང་ཁོར་ཡུག་བསྐྲུན་རྒྱུ་དེ་ཡིན།
མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཐེངས་གཉིས་པའི་འཐུས་མི་རྣམས་ལྷན་དུ་པར་བསྐྱོན་པ།