2012ལོར་མཚོ་སྔོན་གྱིས་མཐོ་རིམ་སློབ་ཆེན་སློབ་མ17968བསྡུ་རྒྱུ་རེད།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-04-20
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མིག་སྔར་མཚོ་སྔོན་ཞིང་ཆེན་སློབ་བསྡུ་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོའི་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་ལ་སློབ་མ17968བསྡུ་རྒྱུའི་འཆར་གཞི་ཡོད་པ་དང་། དེ་ན་ནིང་དང་བསྡུར་ན་སློབ་མ668ཀྱིས་མང་ལ་། དངོས་གཞིའི་ཚན་ཁག་ཏུ་སློབ་མ9468དང་ཆེད་སྦྱོང་ཚན་ཁག་ཏུ་སློབ་མ8500བསྡུ་རྒྱུ་ཡིན་པ་དང་། གྲ་སྒྲིག་ཚན་ཁག་ཏུ་སློབ་མ1000བཅས་ཁྱོན་བསྡོམས་སློབ་མ18968བསྡུ་རྒྱུ་རེད། །