མཚོ་སྔོན་པོ་དྲ་བ། ཚེ་རིང་འཚོ། 2012-04-17
རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱིས་ཡར་ཀླུང་རིག་གནས་ཀུན་གཟིགས་གླིང་སྐྲུན་བཞིན་ཡོད་ལ། དེ་མི་འགྱངས་བར་ལྷོ་ཁ་ས་ཁུལ་བོད་ཀྱི་གདོད་མའི་རིག་གནས་ཁྱད་ཆོས་མངོན་པར་མཚོན་པའི་སྟེགས་བུ་གཙོ་བོ་ཞིག་ཏུ་འགྱུར་རྒྱུ་རེད།
ལྷོ་ཁ་ས་ཁུལ་ནི་མི་རིགས་ཀྱི་འབྱུང་གནས་དང་རིག་གནས་ཀྱི་རྡོལ་ཁུངས་སུ་མངོན་པ་སྟེ། ཡུལ་འདི་ནས་རྗེ་ལ་སྔ་བའི་གཉའ་ཁྲི་བཙན་པོ་བྱོན་པ་དང་། སྐུ་མཁར་ཐོག་མ་ཡུམ་བུ་བླ་སྒང་བཞེངས་པ། ཞིང་ལ་སྔ་བ་ཟོ་དང་ཞིང་རྨོས་པ། ཡུལ་ལ་སྔ་བ་ཡར་ལུང་སོག་ཁ་ཆགས་པ་སོགས་མང་དུ་བྱུང་བས་བོད་ཀྱི་རིགས་རྒྱུད་དང་། སྤྱི་ཚོགས། ལོ་རྒྱུས་འཕེལ་རིམ་ཁྲོད་མེད་དུ་མི་རུང་བའི་གནས་གལ་ཆེན་ཞིག་ཡིན།
ཡར་ཀླུང་རིག་གནས་ཀུན་གཟིགས་གླིང་གི་འཛུགས་སྐྲུན་ནི2012ལོའི་ལྷོ་ཁ་ས་ཁུལ་གྱི“སྐོར་གསུམ་ཁུལ་ལྔ་གླིང་བདུན”གནས་སྐོར་ཐོན་རྫས་འཛུགས་སྐྲུན་ཁྲོད་ཀྱི་གླིང་གཅིག་ཡིན་ཞིང་། ལྷོ་ཁ་ས་ཁུལ་གྱིས་ཡུན་ནན་པོ་ཏ་མཚེའུ་རྒྱལ་ཁབ་སྤྱི་གླིང་གི་སྒོ་བྱང་འགེལ་བའི་རྣམ་པ་ལྟར་ཡར་འབྲོག་གཡུ་མཚོ་དང་། གྲི་གུ་མཚོ། ལྷ་མོ་བླ་མཚོ། ལེགས་པ་ལུང་བ་སོགས་རྒྱལ་ཁབ་ཀྱི་སྤྱི་གླིང6བསྐྲུན་རྒྱུ་རེད། མིག་སྔར་མཛེས་ལྗོངས་ཁག་ཅིག་གི་རྨང་གཞིའི་སྒྲིག་བཀོད་དང་འགྲིམ་འགྲུལ་གནས་ཚུལ་ཕལ་ཆེར་རྒྱལ་ཁབ་སྤྱི་གླིང་གི་སྒོ་བྱང་འགེལ་བའི་ཆ་རྐྱེན་དང་མཐུན་པ་རེད།
གཞན་ད་དུང་ལྷོ་ཁ་ས་ཁུལ་གྱིས2012ལོར་བསམ་ཡས་དགོན་པ་དང་། ཁྲ་འབྲུག་དགོན་པ། བཙན་པོའི་བང་སོ་སོགས་ཀྱི་མཛེས་ལྗོངས་ཇེ་ལེགས་ཇེ་བཟང་དུ་གཏོང་བ་དང་མཉམ་དུ། ལྷོ་ཁའི་ཡར་ཀླུང་རིག་གནས་དུས་ཆེན་སོགས་རིག་གནས་གནས་སྐོར་དུས་ཆེན་ཁག་སྤེལ་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10