ཞིང་ཆེན་སྲིད་གྲོས་ཀྱིས་ཨུ་ཡོན་རྩ་འཛུགས་བྱས་ཏེ་མི་རིགས་ས་ཁུལ་གྱི་ཁྱད་སྟོབས་ཐུན་མིན་ཐོན་ལས་ལ་ཆེད་དུ་རྟོག་ཞིབ་བྱས།
ཚེ་རིང་འཚོ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-04-17
སི་ཁྲོན་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མི་རིགས་ཆོས་ལུགས་བྱ་བའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་ཟླ་བཞི་བའི་ཚེས་བཅུ་ནས་ཚེས་བཅུ་གཅིག་ཉིན་བར་ཁྲིན་ཏུའུ་རུ་བསྡུས། གསར་འགོད་པས་གྲོས་ཚོགས་སྟེང་དུ་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱིས་མི་རིགས་ས་ཁུལ་གྱི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པར་བརྟེན་ནས། ནུས་ཁུངས་ཐོན་ལས་དང་། ཐུན་མིན་རིག་གནས་ཐོན་ལས། སྐྱེ་ཁམས་གནས་སྐོར་ཐོན་ལས། ཐུན་མིན་སྐྱེ་ཁམས་ཞིང་ཕྱུགས་ལས། ཁྱད་སྟོབས་གཏེར་ལས་སོགས་གཙང་བཤེར་དང་། ཨུ་ཡོན་རྩ་འཛུགས་བྱས་ཏེ་རྟོག་ཞིབ་གཏིང་ཟབ་དང་། རིན་ཐང་ལྡན་པའི་གྲོས་གཞི་གང་མང་ཞིག་བཏོན་ནས་མི་རིགས་ས་ཁུལ་གྱི་ཁྱད་སྟོབས་ཐུན་མིན་ཐོན་ལས་སྔར་ལས་དར་རྒྱས་ཡོང་བར་ཡར་སྐུལ་བྱེད་པར་བྱས་རྗེས་རྒྱུ་ཡིན་ཟེར།
སྐབས་འདིའི་ཚོགས་འདུའི་ཚུན་ལ། ཞིང་ཆེན་སྲིད་གྲོས་རྩ་འཛུགས་ཨུ་ཡོན་གྱིས་མི་རིགས་ཆོས་ལུགས་ཁྱབ་ཁོངས་གནད་དོན་གཙོ་བོའི་སྐོར་ལ་བསྡོམས་པས་ཆེད་དོན་རྟོག་ཞིབ་བཅོ་ལྔ་སྤེལ་བ་དང་། རྟོག་ཞིབ་སྙན་ཞུ་བཅོ་ལྔ་དང་། གྲོས་གཞི་བཅོ་ལྔ་སྤྲད་ལ། ལྟ་ཞིབ་ཐེངས་བཅུ་གཉིས་སྤེལ་བ་དང་། ལྟ་ཞིབ་སྙན་ཞུ་བཅུ་གཉིས་སྤྲད་ཞིང་། དེ་དག་ལས་ཀྲུང་དབྱང་དང་ཞིང་ཆེན་མགོ་ཁྲིད་ཀྱིས་ཆོག་མཆན་ལྔ་བཅུ་ང་དྲུག་ཐོབ།
ད་ལོ། ཞིང་ཆེན་སྲིད་གྲོས་ཀྱིས་ད་དུང་འབྲོག་ཁུལ་དུ་རྩྭ་འདེབས་པ་དང་། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན་དང་འཕེལ་རྒྱས་སོགས་ལ་ཡར་སྐུལ་བྱེད་པར་རྩ་འཛུགས་ཨུ་ཡོན་གྱིས་རིན་ཐང་ལྡན་ཞིང་ནང་དོན་ཕུན་སུམ་ཚོགས་པའི་བསམ་འཆར་དང་གྲོས་གཞི་གང་མང་བཏོན།