ཞའོ་ཡན། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། 2012-09-19
གསར་འགོད་པས་ཉིང་ཁྲི་ས་ཁུལ་སྲིད་འཛིན་གཞུང་དོན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་གཉིས་ལོའི་ཉིང་ཁྲི་ས་ཁུལ་གྱི་སྐབས་བཅུ་པའི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་རིག་གནས་ཡུལ་སྐོར་དུས་ཆེན་ཟླ་བཅུ་པའི་ཚེས་ལྔ་ཉིན་ཉིང་ཁྲི་བརྒྱད་གཅིག་གྲོང་བརྡལ་དུ་སྤེལ་རྒྱུ་རེད།
ཤེས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྐབས་སུ“གསེར་མདོག་གི་ཟླ་བཅུ་པ། ངོ་མཚར་བའི་ཉིང་ཁྲི”ཞེས་པ་བརྗོད་བྱ་གཙོ་བོར་བཟུང་སྟེ། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ཚོགས་འདུ་དང་རོང་འབྲོག་པའི་རིག་རྩལ་འཁྲབ་སྟོན་གྱི་གཟེངས་བསྟོད་དགོང་ཚོགས། ཡིག་རིས་པར་འགྲེམས། ཀླུ་ནང་བསྐོར་བའི་རྐང་འཁོར་འགྲན་སྡུར་དང་བོད་ལྗོངས་ཁང་ཕྱིའི་མཐུན་ཚོགས་འཛུགས་པའི་ཚོགས་ཆེན་སོགས་ཕུན་སུམ་ཚོགས་ལ་ངོ་མཚར་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།
བོད་ལྗོངས་ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་ཅུན་གྱིས་བཤད་པ་ལྟར་ན། “སྐབས་བཅུ་བའི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་རིག་གནས་ཡུལ་སྐོར་དང་ཐན་ཉུང་ཡུལ་སྐོར། ཁང་ཕྱིའི་ལུས་རྩལ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་དེ། ཉིང་ཁྲིའི “ཡིད་འགུགས”ཀྱི་རྣམ་པ་ཕྱོགས་ཡོངས་ནས་མངོན་རྒྱུ་ཡིན་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་དངོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐན་ཉུང་བདེ་ཐང་ཡུལ་སྐོར་གྱི་ལྟ་བ་དྲིལ་སྒྲོག་བྱེད་རྒྱུ་ཡིན”ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10