ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། 2012-03-27
འདི་ནི་ཟླ3པའི་ཚེས22ཉིན་ཆིང་ཏའོ་ཅིན་ཡའོ་ཧྲི་བུ་བཅོལ་ཁང་དུ་ཕྲུ་གུ་ཆུང་ཆུང་ཞིག་གིས་སྟག་རིས་ལམ་ཐིག་གི་ཤེས་བྱའི་སྐོར་གྱི་འགྲིམ་འགྲུལ་ཉེན་རྟོག་པའི་འདྲི་བར་ལན་རྒྱག་པའི་གནས་ཚུལ་ཡིན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཆིང་ཏའོ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཁག་གཅིག་དང“འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོ་སློབ་གྲྭའི་ནང་སྤེལ་བའི”སློབ་གསེང་གི་ཟུར་ཁྲིད་བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་བ་དང་སྒྲ་བརྙན་གྱི་སྨྱན་སྦྱོར་དང་། དྲིལ་བསྒྲགས་འགྲེམས་པང་། མཉམ་འགུལ་རོལ་རྩེད་སོགས་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པའི་བྱེད་ཐབས་བརྒྱུད་སློབ་མ་ཚོར་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་སྟེ་ཕྲུ་གུ་ཚོའི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་གསོ་སྐྱོང་བྱས་པ་དང་འབྲེལ་ཁྱིམ་བདག་གིས་མཉམ་དུ་ཕྱིར་སྐྱོད་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུར་སྐུལ་ཁྲིད་བྱས་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10