ཨ་ཅག་ཟླ་ངོགས་སུ་བསྐྱོད་པ་ཞེས་པའི་འོད་སྡེར་དངོས་སུ་ཚོང་རར་བཀྲམ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-03-27

ཨ་ཅག་ཟླ་ངོགས་སུ་བསྐྱོད་པ་ཞེས་པའི་འོད་སྡེར་དངོས་སུ་ཚོང་རར་བཀྲམ།

ཨ་ཅག་ཟླ་ངོགས་སུ་བསྐྱོད་པ་ཞེས་པའི་འོད་སྡེར་དངོས་སུ་ཚོང་རར་བཀྲམ།   
 

  ཨ་ཅག་ཚན་སྡེབ་ཀྱིས་ནུས་པ་ཡོད་རྒུས་མི་རིགས་དང་དེང་རབས་ཀྱི་ཁྱད་ཆོས་ཟུང་དུ་སྦྲེལ་ཏེ་ཁ་ཕྱོགས་ངེས་ལྡན་པའི་རང་ཉིད་ཀྱི་ལམ་དུ་སྙེག་བཞིན་གླུ་གཞས་ཀྱི་གར་སྟེགས་སུ་ངང་གིས་བསྐྱོད།
དུས་ཡུན་ལོ་གཅིག་གི་བརྩོན་འགྲུས་བརྒྱུད། ཕུལ་དུ་བྱུང་བའི་རུ་ཁག་དང་མཉམ་འབྲེལ་སྒོས་ཇུས་འགོད་གསར་སྐྲུན་བྱེད་ཅིང་།MVའཁྲབ་ཁྲིད་དང་།པར་ལེན།དུས་གཞུག་རྩོམ་སྒྲིག་བཅས་ཕྱོགས་ཡོངས་ནས་གཅིག་ལྕོགས་ཀྱི་བྱ་སྒྲུབ་གནང་སྟེ་ཨ་ཅག་ཟླ་ངོགས་སུ་བསྐྱོད་པ་ཞེས་པའི་འོད་སྡེར་བདེ་བླག་ངང་ལེགས་འགྲུབ་བྱུང་།དེའི་ཁྲོད་ཆེས་གཙོ་བོའི་གླུ་གཞས་གསུམ་སྟེ་བོད་ཀྱི་རྣམ་པའི་མཛའ་གཞས་ཟླ་ངོགས་སུ་བསྐྱོད་པ་དང་།བརྩེ་བའི་འགྱུར་ཁུག་བརྩེ་བ་ནི་འོད་ཐིག་ཞིགཡིད་དུ་འོང་བའི་བརྩེ་གླུ་མཛའ་གྲོགས་བོར་བ་བཅས་ནི་དེ་ལས་ཀྱང་སྙན་འཇེབས་ལྡན་པ་ཞིག་ཡིན།ཨ་ཅག་ཟླ་ངོགས་སུ་བསྐྱོད་པ་ཞེས་པའི་འོད་སྡེར་འདི་ནི་ཧོ་ལེ་ཉོའོ་སྙན་གཞས་ཀུན་ཟིས་ཟླ་འདིར་རྒྱ་ཆེར་འགྲེམ་སྤེལ་བྱེད་པ་རེད།


 

  • ལེ་ཚན་སྔོན་མ།:《མང་ཚོགས་སྒྱུ་རྩལ》སྤེལ་ནས་ལོ་འཁོར30ལོན་པའི་རྗེས་དྲན་དང་དམངས་སྲོལ་རིག་གནས་བགྲོ་གླེང་ཚོགས་འདུ་བསྡུས།
  • ལེ་ཚན་རྗེས་མ།:“གཅན་ཚའི་མདའ་རྩེད”རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་སྡུར་འཆར་འགོད་ནང་ཚུད་པ།
  • དོ་སྣང་ཆེ་བའི་རྩོམ།