2012-03-27
《མང་ཚོགས་སྒྱུ་རྩལ》སྤེལ་ནས་ལོ་འཁོར30ལོན་པའི་རྗེས་དྲན་དང་བོད་ཀྱི་དམངས་སྲོལ་རིག་གནས་
བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།
ཟླ3པའི་ཚེས22ཉིན། 《མང་ཚོགས་སྒྱུ་རྩལ》སྤེལ་ནས་ལོ་འཁོར་སུམ་ཅུ་ལོན་པའི་རྗེས་དྲན་དང་བོད་ཀྱི་དམངས་སྲོལ་རིག་གནས་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། རིན་ཆེན་རྡོ་རྗེ་དང་། བཀྲ་བྷོ། མཁའ་རྩེ་རྒྱལ། རྟ་མགྲིན་ཚེ་རིང་། བསྟན་པ་ཡར་རྒྱས་བཅས་ཕུལ་དུ་བྱུང་བའི་རྩོམ་པ་པོ་རྣམས་ལ་བྱ་དགའ་གནང་བ་རེད།
ཕུལ་དུ་བྱུང་བའི་རྩོམ་པ་པོ་རྣམས་ལ་བྱ་དགའ་གནང་བ།
《མང་ཚོགས་སྒྱུ་རྩལ》སྤེལ་ནས་ལོ་འཁོར30ལོན་པའི་རྗེས་དྲན་དང་བོད་ཀྱི་དམངས་སྲོལ་རིག་གནས་
བགྲོ་གླེང་ཚོགས་འདུ་བསྡུ་བཞིན་པའི་ཡུལ་དངོས།
རྒྱལ་ཡོངས་སུ་ཐོག་མར་སྤེལ་ཞིང་སྙན་པའི་གྲགས་པ་དབྱར་རྔའི་ཟླ་བཞིན་རྒྱས་པའི《མང་ཚོགས་སྒྱུ་རྩལ》དུས་དེབ་འདི་སྤེལ་བ་ནས་བཟུང་བགྲང་བྱ་སུམ་ཅུ་འདས་ཤིང་། དུས་ཡུན་འདིའི་རིང་དུ་ཐོག་མའི་དམངས་ཁྲོད་ཀྱི་རྩོམ་རིག་རྐྱང་རྐྱང་སྤེལ་བའི་དུས་དེབ་ནས་ཕྱོགས་བསྡུས་རང་བཞིན་གྱི་འབོལ་རྩོམ་རིག་རྩལ་དུས་དེབ་དང་། དེ་ནས་མིག་སྔའི་དམངས་སྲོལ་རིག་གནས་དུས་དེབ་ཅིག་ཏུ་གྱུར། འདིའི་ཁྲོད་དུ་བརྩམས་སྒྲུང་དང་། གནའ་གཏམ། འབོལ་རྩོམ། དམངས་སྲོལ། མཛེས་རྩལ། ཚན་རིག་ཁྱབ་བརྡལ་སོགས་བརྗོད་བྱ་ཕུན་སུམ་ཚོགས་པ་འདུས་པས། བོད་མི་རིགས་ཀྱི་རིག་གནས་བྱང་ཚད་མཐོར་འདེགས་བྱེད་པར་དགེ་མཚན་དོད་པོ་ལྡན་ལ། དེ་ལས་བརྩམས་ཆོས100ལྷག་རྒྱ་ཡིག་དང་། དབྱིན་ཡིག ཧྥ་རན་སིའི་ཡིག ཉི་ཧོང་ཡིག་སོགས་སུ་བསྒྱུར་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས་པ་དང་། ཡང་བརྩམས་ཆོས100ལ་ཉེ་བ་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་ཚན་སློབ་གྲྭ་སོགས་ཀྱི་སློབ་དེབ་ཁྲོད་བདམས་པ་རེད། དེ་ལས་གཞན་སྒྲ་ཕབ་སྤྱིན་ཤོག་དངVCDའོད་སྡེར་སོགས་སུ་བསྒྱུར་ནས་འགྲེམ་སྤེལ་བྱེད་པའང་མང་དུ་མཆིས།
རྒྱུལ་ལོན་བྱུང་བ་ལྟར་ན་དུས་དེབ་འདི་སྤེལ་ནས་ད་བར་དུ་རྒྱལ་ཁབ་ཕྱི་ནང་གི་རྩོམ་པ་པོ5000ལྷག་གི་བརྩམས་ཆོས30000ལྷག་འབྱོར་བ་དང་། དེ་ལས་རྩོམ་པ་པོ500ལྷག་གི་བརྩམས་ཆོས2000ལྷག་དུས་དེབ་སྟེང་བཀོད་ཡོད་ཅིང་། བསྡོམས་པའི་ཡིག་གྲངས་བྱེ་བ1ཡས་མས་ཤིག་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10