ཞའོ་ཡན། མཚོ་སྔོན་གསར་འགྱུར་དྲ་བ། 2012-03-22
ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། ཁོར་ཡུག་སྲུང་སྐྱོབ་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་དགུས་མཉམ་འབྲེལ་སྒོས་པེ་ཅིན་ནས2012ལོའི་རྒྱལ་ཡོངས་ཁྲིམས་འགལ་བཙོག་འདོན་ཁེ་ལས་དག་ཐེར་བཅོས་སྐྱོང་དང་མང་ཚོགས་ཀྱི་བདེ་ཐང་ལ་ཁག་ཐེག་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་འགུལ་སྐྱོད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས། ད་ལོར་ཁྲིམས་འགལ་བཙོག་འདོན་ཁེ་ལས་དག་ཐེར་བཅོས་སྐྱོང་དང་མང་ཚོགས་ཀྱི་བདེ་ཐང་ལ་ཁག་ཐེག་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་འགུལ་སྐྱོད་བྱ་འགུལ་སྤེལ་བར་བཀོད་སྒྲིག་བྱས། དེར་མཐུད་ནས་མཚོ་སྔོན་ཞིང་ཆེན་གྱིས་མྱུར་དུ་མཚོ་སྔོན་ཡན་ལག་ཚོགས་རའི་གྲོས་ཚོགས་བསྡུས་ཏེ། གྲོས་ཚོགས་ཀྱི་དགོངས་དོན་སྔར་ལས་བཀོད་སྒྲིག་བྱས་པ་དང་། ན་ནིང་གི་མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་འགུལ་སྐྱོད་བྱ་བ་སྤྱི་སྡོམ་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་ཁོར་ཡུག་ཆེད་དོན་འགུལ་སྐྱོད་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།མཱ་ཧྲུན་ཆིན་གྱིས་གཏམ་བཤད་སྐབས་ན་ནིང་མཚོ་སྔོན་ཞིང་ཆེན་གྱིས་ཁོར་ཡུག་ཆེད་དོན་འགུལ་སྐྱོད་བྱ་འགུལ་སྤེལ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་རྗེས། ཁོས་རྒྱལ་ཁབ་དང་ཞིང་ཆེན་སྲིད་གཞུང་གིས་གཅིག་གྱུར་སྒོས་བཀོད་སྒྲིག་བྱས་པ་ལྟར། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་བྱ་བས་གནད་ས་འབུར་དུ་ཐོན་པར་བྱེད་པ་དང་། ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱས་ཏེ། གཤམ་གྱི་བྱ་བ་འགའ་གཙོ་བོར་བཟུང་སྟེ་ལེགས་སྒྲུབ་བྱེད་དགོས་པ་སྟེ། གཅིག་ནས་དཀའ་གནད་ཐག་གཅོད་བྱེད་པ་གཞིར་བཟུང་སྟེ། ཁོར་ཡུག་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། གཉིས་ནས་ཞིབ་བཤེར་ནན་མོ་བྱས་ཏེ། ཁོར་ཡུག་ལྟ་ཞིབ་བྱ་བའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། གསུམ་ནས་ཁོར་ཡུག་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱ་བ་གཙིགས་སུ་འཛིན་དགོས་ཞེས་ནན་གྱིས་བསྟན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10