2012-03-12
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཚེས་དགུ་ཉིན་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། འཐུས་མི་ཚོས་བྱང་རྒྱུད་མཚོ་ཁུག་དཔལ་འབྱོར་ས་ཁུལ་དེ་སྒོ་འབྱེད་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སྔར་ལས་ཀྱང་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ། དེ་མིན་སྐོར་ཐེངས་གསར་བའི་དབུལ་སྐྱོར་གསར་སྤེལ་བྱ་བ་ལེགས་སྒྲུབ་བྱེད་པ། མི་དམངས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་དང་ལེགས་བཅོས་བྱེད་པ་སོགས་ལ་གཞིགས་ནས་གཏམ་བཤད། ཝུན་ཅ་པའོ་ཡིས་ཐུགས་ཞིབ་མོས་གསན་པ་དང་ཆབས་ཅིག་འཐུས་མི་ཚོར་ལན་བཏབ། འཐུས་མི་འགའ་ཡི་གཏམ་བཤད་ལ་ཐུགས་ཞིབ་མོས་གསན་རྗེས། ཝུན་ཅ་པའོ་ཡིས་ལོ་ངོ་འདི་དག་གི་རིང་ལ་ཀོང་ཞི་འཕེལ་རྒྱས་ལེགས་པོ་བྱུང་བའི་རྒྱུ་རྐྱེན་གཅིག་ནི་མི་རིགས་མཐུན་སྒྲིལ་གྱིས་འཕེལ་རྒྱས་ལ་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱས་པ་དང་མི་རིགས་མཐུན་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། འཕེལ་རྒྱས་བྱུང་བ་ལས་མི་རིགས་མཐུན་སྒྲིལ་ཇེ་དམ་དུ་བཏང་བ་དེ་ཡིན་ཞེས་གསུངས། ཝུན་ཅཱ་པའོ་ཡིས་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱེད་པ་དང་མཉམ་དུ་འཕེལ་རྒྱས་ཡོང་དགོས་ཚེ། ངེས་པར་དུ་མཐུན་སྒྲིལ་དང་འཕེལ་རྒྱས་ཀྱི་དོན་ཆེན་འདི་གཉིས་འཆོར་མེད་དུ་འཛིན་དགོས་ཤིང་། འདྲ་མཉམ་གྱི་རྨང་གཞིའི་ཐོག་རིགས་སོ་སོའི་མི་དམངས་ཀྱིས་ཕན་ཚུན་ལ་སློབ་སྦྱོང་དང་ཕན་ཚུན་ལ་འབྲེལ་འདྲིས་བརྗེ་རེས་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་མི་དམངས་མཐུན་སྒྲིལ་མཉམ་གནས་དང་སྐྱིད་སྡུག་མཉམ་མྱོང་། འཆམ་མཐུན་འཕེལ་རྒྱས་འབྱུང་བའི་གནས་བབ་ལེགས་པོ་ཞིག་ཧུར་ཐག་སྒོས་ཆགས་པར་བྱ་དགོས་ཞེས་ནན་གྱིས་བསྟན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10