ཆོས་དབྱངས་སྐྱིད་ཀྱིས་ལུན་ཏུན་ཨོ་རྩལ་འགྲན་ཚོགས་ལེགས་འདེམས་འགྲན་བསྡུར་ལ་སྟ་གོན་བྱེད་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-03-09

ཆོས་དབྱངས་སྐྱིད་ཀྱིས་ལུན་ཏུན་ཨོ་རྩལ་འགྲན་ཚོགས་ལེགས་འདེམས་འགྲན་བསྡུར་ལ་སྟ་གོན་བྱེད་པ།
ལུས་རྩལ་པ་ཆོས་དབྱངས་སྐྱིད(གཡོན)
ལུན་ཏུན་ཨོ་རྩལ་འགྲན་ཚོགས་ལེགས་འདེམས་འགྲན་བསྡུར་ཐོན་ལ་ཉེ་བའི་སྐབས་འདིར། སྔོན་ཨོ་རྩལ་འགྲན་ཚོགས་ཀྲུང་གོའི་མཆོང་རྒྱུག་མིང་ཐོ་རུ་ཚུད་ཟིན་པའི་ལུས་རྩལ་པ་ཆོས་དབྱངས་སྐྱིད་ཀྱིས་རང་ཉིད་ལྷོད་བག་ཏུ་གཏོང་མི་ཕོད་པར་འབད་བརྩོན་བྱེད་ཀྱི་ཡོད་ཅིང་། གལ་སྲིད་ཟླ3པའི་ཚེས29ཉིན་གྱི་ལེགས་འདེམས་འགྲན་བསྡུར་སྟེང་བདེ་བླག་ངང་རྒྱལ་ཐུབ་པ་བྱུང་ཚེ། ཁོ་མོ་ནི་རང་རྒྱལ་ན་ཐོག་དང་པོར་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་བོད་རིགས་བུ་མོ་ཡིན་པ་རེད།
          ཆོས་དབྱིངས་སྐྱིད་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནས་ཡོང་བ་ཞིག་ཡིན་ལ། 2006ལོར་ཁོ་མོ་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭར་བསྐྱོད་ཅིང་།  སྐབས་དེར་ཁོ་མོ་དངོས་གནས་མིང་དོན་མཚུངས་བའི་ལུས་རྩལ་པ་ཞིག་བྱེད་པའི་རྨི་ལམ་རུམ་ལ་བཅུག་སྟེ་འབད་པ་ལྷོད་མེད་སྒོས་མི་འགྱངས་བར་འཛིན་གྲྭའི་རྩེར་སོན་པ་རེད།
          2009ལོའི་ཟླ3པའི་ཚེས20ཉིན། ཁོ་མོས་མཚོ་སྔོན་རུ་ཁག་གི་ཚབ་བྱས་ཏེ་ཧྲན་ཤི་པོའོ་ཅི་རུ་སྤེལ་པའི་རྒྱལ་ཡོངས་འགྲོ་རྩལ་འགྲན་ཚོགས་ཆེན་མོར་ཞུགས་ཤིང་། ཆུ་ཚོད1:35:54ཡི་དུས་ཡུན་གྱིས་བུད་མེད་ན་གཞོན་རུ་ཁག་སྤྱི་ལེ20ཅན་གྱི་ཨང་བཞི་བའི་མཇུག་འབྲས་ལེགས་པོ་ཐོབ། དེ་ནས་བཟུང་ལུས་རྩལ་འགྲན་བསྡུར་གང་མང་དུ་ཞུགས་ལ། ལོ་དེའི་ཟླ9བར། ཅང་སུའུ་ཝུ་ཤེའུ་རུ་སྤེལ་པའི་རྒྱལ་ཡོངས་འགྲོ་རྩལ་འགྲན་ཚོགས་ཁྲོད་བུད་མེད་ན་གཞོན་རུ་ཁག་སྤྱི་ལེ20ཅན་གྱི་ཨང་ལྔ་བ་ཐོབ། 2010ལོའི་ཟླ3པར་ཨན་ཧོས་ཧོང་ཧྲན་རི་བོ་ཞེའ་པར་སྤེལ་པའི་རྒྱལ་ཡོངས་འགྲོ་རྩལ་འགྲན་ཚོགས་སམ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ལེགས་འདེམས་འགྲན་བསྡུར་ཁྲོད་བུད་མེད་ན་གཞོན་རུ་ཁག་སྤྱི་ལེ20ཅན་གྱི་ཨང་ལྔ་བ་བཅས་ཐོབ་མྱོང་བ་རེད།
          ལུས་རྩལ་གྱི་གྲུབ་འབྲས་གཟེངས་སུ་ཐོན་པའི་ཆོས་དབྱངས་སྐྱིད་ལ་རྒྱལ་ཁབ་ལུས་རྩལ་རུ་ཁག་གིས་མཐོང་ཆེན་བྱས་ཤིང་། 2010ལོའི་ཟླ6པར་རྒྱལ་ཁབ་ལུས་རྩལ་རུ་ཁག་གི་དགེ་རྒན་ཀྲང་ལགས་ཀྱིས་ཁོ་མོ་རྒྱལ་ཁབ་ལུས་རྩལ་རུ་ཁག་ཏུ་བདམས་ཏེ་གསོ་སྦྱོང་བྱས་པ་དང་། ཁོ་མོའི་ལུས་རྩལ་འཕེལ་རྒྱས་སྔར་ལས་འཕེལ་རྒྱས་ཆེན་པོ་བྱུང་སོང་།
          རྒྱལ་ཁབ་ལུས་རྩལ་རུ་ཁག་གི་དགེ་རྒན་ཀྲང་ལགས་ཀྱིས་ཁོ་མོར་རེ་བ་ཆེན་པོ་བཅངས་ཡོད་དེ།  “ཁོ་མོ་ནི་དཀའ་ངལ་ལ་འཛེམ་པ་མེད་ཅིང་ལུས་རྩལ་གྱི་ནུས་པ་ཆེ་ཆེར་ལྡན་པ་དང་།  དབྱངས་རླུང་དཀོན་པའི་མཐོ་སྒང་ཁོར་ཡུག་ཏུ་ནར་སོན་པའི་དབང་གིས་སྙིང་དང་གློ་བའི་བསྐྱེད་ནུས་ལེགས་པོ་ཡོད་ལ། འདིས་འགྲན་བསྡུར་སྟེང་ཕན་ཐོགས་ཆེན་པོ་ལྡན་པ་ཡིན”ཟེར།  ཡིན་ཡང་ཁོ་མོར་དེ་ལས་ཀྱང་ཁྱད་ཆོས་ཤིག་ཡོད་པ་ནི་སེམས་ཁམས་ཡག་པོ་ཞིག་ཡོད་ཅིང་།  འགྲན་བསྡུར་གྱི་སྐབས་སུ་རང་སེམས་རང་གིས་ལེགས་པོར་གཅུན་ནུས་པ་ཡིན།

 

  • ལེ་ཚན་སྔོན་མ།:ལྷོ་ཁ་ས་ཁུལ་གྱིས་ཚན་རིག་དང་མཐུན་པར་རིགས་སོ་སོའི་སློབ་གསོ་སྤེལ་བ།
  • ལེ་ཚན་རྗེས་མ།:《གེ་སར་ཞིབ་འཇུག》པར་དུ་བསྐྲུན་པ་ལ་གཟེངས་བསྟོད་ཐོབ།
  • དོ་སྣང་ཆེ་བའི་རྩོམ།