རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2012-02-22
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས“རྨ་འབྲི་རྫ་གསུམ་འབྱུང་ཡུལ”ས་ཁུལ་གྱི་སློབ་གསོའི་འགྲོ་གྲོན་ཁ་གསབ་ལམ་ལུགས་སྲིད་ཇུས་ལག་བསྟར་བྱས་པའི་ཚུན་དུ། བསྡོམས་པས་འབྲིང་རིམ་ཆེད་ལས་སློབ་མ17143གྱིས་སློབ་ཡོན་དང་མལ་ཁང་གི་རིན་ཡོན། དཔེ་རིན་དང་དྲོད་ལེན་རིན་ཡོན་སོགས་འཚོ་བའི་འགྲོ་གྲོན་མེད་པར་བཏང་བའི་ཁ་གསབ་སྲིད་ཇུས་ལོངས་སྤྱོད་བྱས།
ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2011ལོའི་སྟོན་དུས་སློབ་འགོ་བརྩམས་པ་ན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི9643བཏང་ནས་རང་ས་གནས་སུ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་རེར་ལོ་རེར་སྒོར4200ཡི་ཁ་གསབ་བྱས་ཤིང་། དེའི་ནང་སྤྱི་བའི་འགྲོ་གྲོན་ཁ་གསབ་སྒོར2700དང་འཚོ་བའི་འགྲོ་གྲོན་ཁ་གསབ་སྒོར1500ཡོད། ས་ཁུལ་གཞན་དུ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་རེར་ལོ་རེར་སྒོར6500ཡི་ཁ་གསབ་བྱས་པ་དང་། དེའི་ནང་སྤྱི་བའི་འགྲོ་གྲོན་སྒོར3300ཁ་གསབ་བྱས་ཡོད་ལ། འཚོ་བའི་འགྲོ་གྲོན་སྒོར3200ཁ་གསབ་བྱས་ཡོད།
མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཆེད་ལས་དར་མའི་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཕང་ཆིན་གྱིས་མཚམས་སྦྱོར་བྱེད་རྒྱུར། “བོད་རིགས་འདུས་སྡོད་ས་ཁུལ་གྱི་འབྲིང་རིམ་ཆེད་ལས་སློབ་གསོར་སློབ་གསོའི་འགྲོ་གྲོན་ཁགསབ་ལམ་ལུགས་སྲིད་ཇུས་ལག་བསྟར་བྱས་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་དམངས་འཚོ་ལེགས་བཅོས། དབུལ་ཕོངས་སེལ་བ་ཇེ་མགྱོགས་སུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ། མ་འོངས་པར་ཕན་ཁེ་ཆེ་བའི་དམངས་ཕན་བཟོ་འགོད་ཞིག་ཡིན”ཟེར། སྲིད་ཇུས་འདི་བཏོན་པ་ཡིས་བོད་རིགས་འདུས་སྡོད་ས་ཁུལ་གྱི་རོང་འབྲོག་པ་ཁྱིམ་ཚང་གི་དཔལ་འབྱོར་ཁུར་བོ་ཇེ་ཡང་དུ་བཏང་ཞིང་། རོང་འབྲོག་པའི་བྱིས་པ་འབྲིང་རིམ་ཆེད་ལས་སློབ་གྲྭར་འགྲིམ་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་ཆེན་པོ་ཐོབ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10