ཚེས་16ཉིན། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཐེན་ཅིན་དུ་སྡོད་པའི་གསར་འགོད་པའི་ས་ཚིགས་ཀྱི་མགོ་ཚུགས་མཛད་སྒོ་ཐེན་ཅིན་ནས་བསྡུས། ཀྲུང་དབྱང་བརྙན་ཁང་རྒྱལ་ནང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་ཏུ་ཡོངས་སུ་ཁེབས་པའི་དམིགས་འབེན་དངོས་སུ་མངོན་གྱུར་བྱུང་། ཐེན་ཅིན་དུ་གསར་འགོད་པའི་ས་ཚིགས་བཙུགས་པ་དེས་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་རྒྱལ་ཡོངས་སུ་གསར་འགོད་པའི་ས་ཚིགས་འཛུགས་པའི་བྱ་བ་ཡོངས་སུ་གྲུབ་པ་མཚོན་ཡོད།