གླུ་མ་དབང་མོ་ལ་བྱམས་སེམས་ཅན་ཞེས་པའི་མཚན་སྙན་གསོལ་བ།

        2012-02-16

གླུ་མ་དབང་མོ་ལ་བྱམས་སེམས་ཅན་ཞེས་པའི་མཚན་སྙན་གསོལ་བ།
བོད་རིགས་གླུ་མ་དབང་མོ་ལ་བྱམས་སེམས་ཅན་ཞེས་པའི་མཚན་སྙན་ཐོབ་པ།
ཉེ་ལམ།བོད་རིགས་གླུ་མ་དབང་མོ་མ་ཡུམ་གྱི་ཆེད་དུ་འཛུམ་མདངས་བཞད་པ་དང་བདེ་སྐྱིད་ལྡན་པའི་བཟོ་སྐྲུན་རོགས་འདེགས་ཞེས་པའི་བྱམས་སེམས་བྱ་འགུལ་དུ་གདན་འདྲེན་ཞུས་པ་མ་ཟད་ཁོ་མོར་བྱམས་སེམས་ཅན་ཞེས་པའི་མཚན་སྙན་གསོལ་བ་རེད།
འདས་པའི་ལོ་འགའི་ནང་།གླུ་མ་དབང་མོས་རང་ཉིད་ཀྱི་སྒྱུ་རྩལ་ལས་རིགས་སུ་བརྩོན་པ་ལྷུར་ལེན་བྱས་པ་དང་ཆབས་ཅིག་ཏུ་སྒྱུ་རྩལ་པ་ཞིག་གི་ངོས་ཐད་ནས་སྤྱི་ཚོགས་ཀྱི་འགན་སྒྲུབ་ཡང་ནམ་ཡང་བརྗེད་མེད་ཅིང་།ཝུན་ཁྲོན་ས་འགུལ་དང་ཡུལ་ཤུལ་ས་འགུལ་སོགས་རང་བྱུང་གནོད་འཚེ་བྱུང་བའི་དུས་སུ་ཁོ་མོས་ཐོག་མར་སྣེ་ཁྲིད་དེ་ཞལ་འདེབས་ཕུལ་པ་དང་།ཐེངས་འདིར་ཁོ་མོར་བྱམས་སེམས་ཅན་གྱི་མཚན་སྙན་གསོལ་བ་ཡང་ཁོ་མོ་བྱམས་དང་སྙིང་རྗེའི་ལས་རིགས་ལ་དུངས་བའི་ཁས་ལེན་ནམ་གཟེངས་བསྟོད་ཅིག་ཏུ་ངེས།དེར་བརྟེན་ཁོ་མོས་ཀྱང་བཤད་རྒྱུར།སྒྱུ་རྩལ་པ་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་འགན་མི་ཉུང་བ་ཞིག་ཁུར་འོས་ཟེར།

 

  • ལེ་ཚན་སྔོན་མ།:《རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ཀྱི་རིག་གནས་འཕེལ་རྒྱས་བཅོས་སྒྱུར་འཆར་འགོད་རྩ་གནད》
  • ལེ་ཚན་རྗེས་མ།:ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཐེན་ཅིན་དུ་གསར་འགོད་པའི་ས་ཚིགས་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།