བོད་ལྗོངས་ཀྱིས་དེང་རབས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་མྱུར་སྐྱོར་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཞིན་ཧྭ་དྲ་བ།    2012-02-13

བོད་ལྗོངས་ཀྱིས་དེང་རབས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་མྱུར་སྐྱོར་བྱས་པ།
ཟླ2པའི་ཚེས10ཉིན།  ལས་བྱེད་མི་སྣས་དུས་ཡུན་རིང་བོ་འགོར་བའི་བོད་ཀྱི་གནའ་དཔེ་ཞིག་གསོ་བྱེད་བཞིན་པ། 

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  བོད་ཀྱི་གནའ་དཔེ་ལ་སྲུང་སྐྱོང་བྱེད་ཆེད།  2006ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སེ་ར་དགོན་པ་དང་ལྷ་ལྡན་གཙུག་ལག་ཁང་གཉིས་ཀྱིས་མཉམ་སྒོས་མ་དངུལ་སྒོར་ཁྲི300བཏང་དེ་བོད་ཀྱི་གནའ་དཔེ་སྔོག་འདོན་ལེགས་སྒྲིག་བསྐྱར་དཔར་ཁང་བཙུགས་པ་དང་།  ད་ལྟའི་བར་ཕོ་བྲང་པོ་ཏ་ལ་དང་སེ་ར་དགོན་པ།  ནོར་བུ་གླིང་ག་སོགས་ས་གནས་ཀྱི་བོད་ཡིག་གནའ་དཔེ་ཞིག་གསོ་དང་།  ལེགས་སྒྲིག་བྱས་ཏེ་པོད328པར་སྐྲུན་བྱས།  ནང་དོན་ལ་ནང་བསྟན་ཆོས་ལུགས་ཀྱི་རིགས་གཞུང་དང་གནམ་རིག་སྐར་རྩིས།  ཚད་མ།  བོད་ཀྱི་གསོ་རིག་སོགས་འདུས་ལ།  ཚང་མ་གློག་ཀླད་ནང་བཞག་ཡོད་པ་དང་།  རྗེས་མར་ད་དུང་མུ་མཐུད་དུ་བོད་ཀྱི་གནའ་དཔེ་དང་།  དཔེ་རྒྱུན་དཀོན་རིགས་པོད3000ལྷག་པར་སྐྲུན་བྱེད་རྒྱུ་རེད།  པར་སྐྲུན་བྱས་ཟིན་པའི་གནའ་དཔེ་དག་དགོན་སྡེ་སོ་སོ་དང་།  སློབ་གྲྭ།  ཞིབ་འཇུག་ཁང་གིས་ཉར་ཚགས་དང་བཀོད་སྤྱོད་བྱེད་བཞིན་ཡོད་པས།  ཚང་མས་དགའ་སུབ་ཐོབ།  ། 

བོད་ལྗོངས་ཀྱིས་དེང་རབས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་མྱུར་སྐྱོར་བྱས་པ།
འདི་ནི་བོད་ཀྱི་གནའ་དཔེ་སྔོག་འདོན་ལེགས་སྒྲིག་བསྐྱར་དཔར་ཁང་གི་ཐོ་འགོད་བྱས་པའི་མཚོན་རྟགས་སྟེ་ཁྱད་ནོར་རེད

བོད་ལྗོངས་ཀྱིས་དེང་རབས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་མྱུར་སྐྱོར་བྱས་པ།
ཟླ2པའི་ཚེས10ཉིན།  ལས་བྱེད་མི་སྣས་བོད་ཡིག་གི་ཆོས་དཔེ་གློག་ཀླད་ནང་འཇོག་བཞིན་པ། 

བོད་ལྗོངས་ཀྱིས་དེང་རབས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་མྱུར་སྐྱོར་བྱས་པ།
ཟླ2པའི་ཚེས10ཉིན།  ལས་བྱེད་མི་སྣས་བོད་ཀྱི་གནའ་དཔེ་ཕྱགས་འགོད་བྱེད་བཞིན་པ། 

བོད་ལྗོངས་ཀྱིས་དེང་རབས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་མྱུར་སྐྱོར་བྱས་པ།

ཟླ2པའི་ཚེས10ཉིན།  བོད་ཀྱི་ཆེད་མཁས་པ་འཕྲིན་ལས་དང་སེ་ར་དགོན་པའི་ཡོངས་འཛིན་རྒྱལ་མཚན་གཉིས་ཀྱིས་བོད་ཡིག་གི་ཆོས་དཔེ་ལེགས་སྒྲིག་བྱེད་བཞིན་པ། 

བོད་ལྗོངས་ཀྱིས་དེང་རབས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་མྱུར་སྐྱོར་བྱས་པ།
ཟླ2པའི་ཚེས10ཉིན།  ལས་བྱེད་མི་སྣས་ནན་ཏན་སྒོས་ཆག་གྲུམ་ཐེབས་པའི་བོད་ཀྱི་གནའ་དཔེ་ཞིག་གསོ་བྱེད་བཞིན་པ།  བོད་ལྗོངས་ཀྱིས་དེང་རབས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་མྱུར་སྐྱོར་བྱས་པ།
   ཟླ2པའི་ཚེས10ཉིན།  ལས་བྱེད་མི་སྣས་བོད་ཀྱི་གནའ་དཔེར་པར་ལེན་བཞིན་པ།  བོད་ཀྱི་གནའ་དཔེ་སྔོག་འདོན་ལེགས་སྒྲིག་བསྐྱར་དཔར་ཁང་གིས་ཕྱགས་འགོད་དང་པར་ལེན་པ།  གློག་ཀླད་ནང་འཇོག་པ་སོགས་བྱེད་ཐབས་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་ཉར་ཚགས་དང་།  ལེགས་སྒྲིག་བྱེད་ཀྱིད་ཡོད་པས།  བོད་ཀྱི་གནའ་བའི་ཕུལ་བྱུང་ཆོས་གཞུང་དག་རྒྱུན་འཛིན་བྱེད་པར་མཐུན་རྐྱེན་ལེགས་པོ་སྐྲུན། 

  • ལེ་ཚན་སྔོན་མ།:བོད་ཡིག་སློབ་འབྲིང་སློབ་ཆུང་གི་མཛེས་རྩལ་བསླབ་གཞི་དཔེ་ཚོམ་པར་དུ་བསྐྲུན་རྩིས་ཡོད།
  • ལེ་ཚན་རྗེས་མ།:སྒྲོལ་མ་སྐྱབས་ཀྱི་གཙགས་དྲུབས་ལམ་བུ།
  • དོ་སྣང་ཆེ་བའི་རྩོམ།