དོར་ཞི་སྙིང་རྗེ་ཚོགས་པས་དཔའ་ལུང་རྫོང་དོར་ཞི་སྡེ་བ་ནས་བྱམས་བརྩེའི་བྱ་འགུལ་སྤེལ།

    དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ།    2012-01-10

                                                དོར་ཞི་སྙིང་རྗེ་ཚོགས་པས་དཔའ་ལུང་རྫོང་དོར་ཞི་སྡེ་བ་ནས་བྱམས་བརྩེའི་བྱ་འགུལ་སྤེལ།
ཉེ་ཆར། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་འགའ་དང་དོར་ཞི་སྙིང་རྗེ་ཚོགས་པའི་ལས་བཟོ་བ་རྣམས་ཀྱི་བྱམས་དང་སྙིང་རྗེ་ཡིས་སེམས་པ་དེ་འཁུར་ནས་ལེ་བར་བརྒྱ་ཕྲག་གི་བཅད་པའི་གནའ་མཁར་ལན་གྲུ་ནས་དཔའ་ལུང་རྫོང་དོར་ཞི་སྡེ་བའི་སློབ་ཆུང་གི་བྱིས་པ་དག་ལ་གྲང་ངར་གྱི་མངར་ཁ་བཅོམ་པའི་དགུན་ལ་དང་། ཡི་གེ་སྦྱངས་བྱེད་ཀྱི་འབྲི་དེབ་ལ་སོགས་པའི་དངོས་པོ་གང་མང་ཞིག་རང་ཉིད་ཀྱི་གསོག་དངུལ་ལ་བརྟེན་ནས་དགུན་མགོ་མ་ཚུགས་གོང་དུ་དཔའ་ལུང་རྫོང་དོར་ཞི་སྡེ་བའི་སློབ་ཆུང་དུ་བསྐྱལ་ནས་བྱིས་པ་དག་ལ་ཕུལ་བ་རེད། དོར་ཞི་སྙིང་རྗེ་ཚོགས་པའི་འགན་ཁུར་བ་སློབ་གྲོགས་འཇམ་དབྱངས་ལགས་ཀྱིས་ལོ་འདི་འགའི་རིང་དོར་ཞི་སྙིང་རྗེ་ཚོགས་པ་ལ་ཕུལ་བའི་དཀའ་སྡུག་དང་ཉམས་མྱོང་། སྤྱི་ཚོགས་སྟེང་གི་མི་གང་མང་ལ་འབྲེལ་གཏུག་བྱས་ཏེ་རོགས་སྐྱོར་བྱེད་སའི་གནས་ཚུལ་དང་ཚོགས་པ་འདི་བཙུགས་པའི་དམིགས་ཡུལ་སོགས་ངོ་སྤྲོད་བྱས་བའི་རྐྱེན་གྱིས་ཐེངས་འདིའི་བྱ་འགུལ་ལ་ཡང་ཀུའེ་ལེན 1+1སྤྱི་ཚོགས་བྱམས་བརྩེ་ཚོགས་པའི་མ་དངུལ་དང་དངོས་ཟོག་སོགས་ཀྱི་རྒྱབ་སྐྱོར་མཛད་པ་རེད།
  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་ཀྱིས་ཉིས་སྟོང་བཅུ་གཉིས་ལོའི་ལོ་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:མཚོ་བོད་ལྕགས་ལམ་གྱི་ཉིན་དང་པོའི་དཔྱིད་གསར་སྐྱེལ་འདྲེན།
  • དོ་སྣང་ཆེ་བའི་རྩོམ།