ཝུན་ཅ་པའོ་ཡིས་འཇར་པན་གྱི་དབུ་བློན་ཀྲུང་གོར་མཚམས་འདྲིར་ཡོང་བར་དགའ་བསུ་ཞུས།

ཚེ་རིང་སྐྱིད།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2011-12-27

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་རུ་མཛད་སྒོར་མགོ་འཛིན་མཛད་དེ། འཇར་པན་གྱི་དབུ་བློན་དབྱིས་ཐེན་ཅ་ཡན་ཀྲུང་གོར་མཚམས་འདྲིར་ཡོང་བར་དགའ་བསུ་ཞུས།

དབྱིས་ཐེན་ཅ་ཡན་དང་མཉམ་དུ་འཚམས་འདྲིར་ཡོང་མཁན། འཇར་པན་གྱི་ནང་སྲིད་དཔོན་པོ་གཞོན་པ་དང་། ཕྱི་དོན་བློན་པོ་གཞོན་པ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་པོ་འགའ་ཡོད།

དབྱིས་ཐེན་ཅ་ཡན་གྱིས་ཝུན་ཅ་པའོ་ཡི་གདན་ཞུ་ལྟར། ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་པེ་ཅིན་དུ་འབྱོར་ནས་རང་རྒྱལ་ལ་དངོས་གཞིའི་མཚམས་འདྲི་བྱེད་མགོ་བརྩམས། འདི་ནི་ཁོས་དབུ་བློན་གྱི་འགན་ཁུར་རྗེས་ཀྲུང་གོར་མཚམས་འདྲིར་ཡོང་བ་ཐོག་དང་པོ་རེད།

  • ལེ་ཚན་སྔོན་མ།:མི་རིགས་གླུ་གར་གྱིས་གནས་སྐོར་བས་ཡིད་དབང་བཀུག་པ
  • ལེ་ཚན་རྗེས་མ།:ལྷོ་ཁ་ས་ཁུལ་གྱིས་སྔོན་ཐོན་རིག་གནས་དགོན་སྡེར་ཁྱབ་པར་བྱས་པ
  • དོ་སྣང་ཆེ་བའི་རྩོམ།