ཟླ་བཟང་སྒྲོལ་མ མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-12-19
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རེ་རེར་བསྡུ་བཞིན་པའི་སློབ་རའི་ཕུལ་བྱུང་གླུ་བ་བཅུ་འདེམས་པའི་གླུ་ལེན་འགྲན་ཚོགས་ལས༢༠༡༡ལོའི་འགྲན་ཚོགས་དེ་སྤྱི་ཟླ༡༢པའི་ཚེས༡༤ཉིན་གྱི་དགོང་མོའི་དུས་ཚོད༧ནས༩ཡི་བར་མཚོ་སྔོན་མི་རིགས་སློང་གྲྭ་ཆེན་མོའི་ཞའོ་ཏའོ་རིག་རྩལ་ཁང་ནས་བདེ་བླག་ངང་བསྡུས། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ནི་ཐེངས་སྔོན་མ་དག་དང་བསྡུར་ན་རྒྱ་ཇེ་ཆེར་སོང་ཡོད་པར་མ་ཟད། འགྲན་ཞུགས་མི་སྣ་དག་ལ་ཡང་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་རེད་ཟེར། ཐོག་མའི་འགྲན་བསྡུར་ལ་ཞུགས་མཁན་མི་ལྔ་བརྒྱ་ལྷག་ལས་འགྲན་སྡུར་རབ་དང་རིམ་པ་བརྒྱུད་ནས་མཇུག་མཐའི་མི་བཅུ་བདམས་ཐོན་བྱུང་ནས་རྟིང་རྩོད་འགྲན་སྡུར་སྤེལ་བ་དང་དེའི་ནང་བོད་ཀྱི་སློབ་མ་ལྔ་ཡོད་པ་རེད། དེ་ལས་སློབ་གྲོགས་ཡེ་ཤེས་ཚེ་རིང་དང་བསྟན་འཛིན་ཉི་མ་གཉིས་ཀྱིས་དངུལ་གྱི་རྟགས་མ་བླངས་ལ། སློབ་གྲོགས་སྙིང་ལྕགས་ཀྱིས་ཟངས་ཀྱི་རྟགས་མ་བླངས། འདིའི་སྐོར་གྱི་འབྲེལ་ཡོད་ཀྱི་གནས་ཚུལ་གསལ་བོ་ཤེས་འདོད་ན་ང་ཚོའི་བར་སྣང་འཕྲིན་གྱི་ཕོ་ཉའི་ལེ་ཚན་གྱི་དྲ་ཐོག་གི་སྐབས༢༣༣༣ལ་ཉོན་དང་དེ་ལས་ཁྱེད་ཀྱིས་སློབ་རའི་གླུ་བ་ཞེས་པ་ལ་རྒྱུས་ལོན་རག་ཙམ་བྱ་ཐུབ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10