ཀྲང་ཀའོ་ལིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-09-26

ཀྲང་ཀའོ་ལིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངག་ཕོ་ཉ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་ཉེར་གཉིས་ཉིན་ཉིག་ཡོ་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངག་ཕོ་ཉ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་ཉེར་གཉིས་ཉིན་ཉིག་ཡོ་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། སང་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་གོ་སྐབས་སུ་བཟུང་སྟེ་སྣེ་མང་རིང་ལུགས་ལ་ཤུགས་སྣོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་འབེན་དང་རྩ་དོན་སྲུང་སྐྱོབ་བྱས་ནས། འཐབ་འཛིང་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་དགོས། ཕྱོགས་སོ་སོས་སང་ལོར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་མཐོ་རིམ་གྲོས་ཚོགས་སྟེང་དབུལ་ཕོངས་མེད་པར་གཏོང་བ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པ་སྲོག་ཤིང་ཡིན་པའི་འཕེལ་རྒྱས་གསར་བའི་གྲོས་རིམ་ལ་གྲོས་འཆམ་འབྱུང་བ་འགན་སྲུང་བྱེད་དགོས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་དང་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་ཆ་ནས་ཀྲུང་གོས་མུ་མཐུད་དུ་སྣེ་མང་རིང་ལུགས་ལ་ཤུགས་བསྣན་ཏེ་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་ཇེ་མང་དུ་གཏོང་ངེས་ཡིན་ཟེར།

ཕན་ཅི་ཝུན་གྱིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་ནམ་ཟླའི་འགྱུར་ལྡོག་གི་ཁྱབ་ཁོངས་སུ་འབད་བརྩོན་ལྷོད་མེད་བྱས་ནས་གྲུབ་འབྲས་བཟང་བོ་བླངས་པར་གཟེངས་བསྟོད་བྱས་པར་མ་ཟད་ཀྲུང་གོས་མུ་མཐུད་དུ་བྱས་རྗེས་ཆེན་པོ་འཇོག་པར་རེ་སྒུག་བྱེད་བཞིན་ཡོད་ཟེར། ཕན་ཅི་ཝུན་གྱིས་ད་དུང་ཀྲུང་གོས་ཨེ་པའོ་ལ་རིམས་ནད་འགོག་བཅོས་དང་ཨ་ཧྥུ་ཧན་དང་སུའུ་ཏན་ལྷོ་མ་སོགས་ས་ཁུལ་གྱི་འབུར་ཐོན་གནད་དོན་ཐད་ལ་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་བྱས།  ། 

  • ལེ་ཚན་སྔོན་མ།:འཇུ་སྐལ་བཟང་ལ་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟེངས་རྟགས་ཐོབ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་སི་ཕན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ལ་ཧའོ་ཡེ་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།