ཞི་ཅིན་ཕེན་གྱིས་སི་ཕན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ལ་ཧའོ་ཡེ་ལ་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-09-28

ཞི་ཅིན་ཕེན་གྱིས་སི་ཕན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ལ་ཧའོ་ཡེ་ལ་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སི་ཕན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ལ་ཧའོ་ཡེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སི་ཕན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ལ་ཧའོ་ཡེ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། སང་ལོ་ནི་ཀྲུང་གོ་དང་སི་ཕན་བར་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན་པས། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་སྲིད་གཞུང་དང་གྲོས་ཚོགས། སྲིད་ཏང་། ས་གནས་སོགས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་གསལ་བོར་ཤེས་པར་བྱེད་དགོས་པར་མ་ཟད། ཕྱོགས་གཉིས་ཀྱིས་སྦས་ཤུགས་སྔོག་འདོན་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ལ་ཧའོ་ཡེ་ཀྱིས་བཤད་རྒྱུར། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་འབྲེལ་བར་ཤུགས་སྣོན་པ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས། ལྕགས་ལམ། གློག་འཕྲིན། དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ལ། སི་ཕན་གྱི་ཞིང་ཐོན་དངོས་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཇེ་ཆེར་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་དང་མི་སྣའི་འགྲོ་འོང་སྔར་ལས་ཇེ་མང་དུ་གཏོང་དགོས་ཟེར།  །

  • ལེ་ཚན་སྔོན་མ།:ཀྲང་ཀའོ་ལིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:《གཡང་མདའ》གསེར་བྱ་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་ཆེན་གྱི་གྲངས་ཉུང་མི་རིགས་བརྙན་འགྲེམ་དུ་ཞུགས།
  • དོ་སྣང་ཆེ་བའི་རྩོམ།